康索次歌曲封面
00:00
03:24
🔊

牧羊人的呼唤-白玛措

专辑
牧羊人的呼唤
发行日期
2023-12-24
流派
暂无
时长
03:24
播放次数
2,356,789
收藏人数
156,432
歌词
相关信息

ལུག་རྫིའི་རྒྱང་འབོད།

ཚིག  འབྲོག་བུ་དཀོན་བཀྲ།

ལེན་མཁན།  པདྨ་མཚོ།

དུས་ཚོད་རིང་པོ་མི་འདུག། །

མི་ཚེའི་ཕྱེད་ཀ་ཚར་ཐལ། །

སྒུག་པའི་ཁོམ་ལོང་མི་མི་འདུག།

ཉི་མ་སྲོད་ལ་བབས་ཐལ། །

ཁྱོད་ཡོང་གིན་ཨེ་ཡོད་ན་ཆུང་མ། །

ན་གཞུང་མེ་ཏོག་རྙིད་ཐལ། །

ཁྱོད་ཀྱིས་ཚོར་བ་ཨེ་བྱུང་ན་ཆུང་མ། །

ལུག་རྫིའི་ཕྱིང་དཀར་རུལ་བ། །

ཁྱོད་ཀྱིས་ཚོར་བ་ཨེ་བྱུང་ན་ཆུང་མ། །

ཁྱོད་ཀྱིས་ཚོར་བ་ཨེ་བྱུང་ན་ཆུང་མ། །

འདུག་རོགས་གྲོགས་པོ་མི་འདུག།

ཁྱིམ་མཚེས་གྲོང་ལ་བབས་ཐལ། །

འདུག་རྒྱུའི་ཆོད་སེམས་མི་འདུག།

སྤང་ལྗོངས་གཤགས་ནས་བརླག་ཐལ། །

ཁྱོད་ཡོང་གིན་ཨེ་ཡོད་ན་ཆུང་མ། །

འབྲོག་ལ་ཁངས་ཆག་ལྷུང་བ། །

ཁྱོད་ཀྱིས་ཐོས་བ་ཨེ་བྱུང་ན་ཆུང་མ། །

ལུག་ཁྱུ་ནམ་མཁའི་སྐར་མ། །

འཚོ་རོགས་མེད་ན་སྐྱོ་བ་ན་ཆུང་མ། །

འཚོ་རོགས་མེད་ན་སྐྱོ་བ་ན་ཆུང་མ། །

སྐད་ཆ་མང་པོ་མི་འདུག།

བྲག་སྟོད་རྒོད་པོ་འཕུར་ཐལ། །

སྤྲིན་པ་དཀར་ནག་བར་ནས། །

གཤོག་སྒྲོ་སྤུ་གྲིས་བཅད་ཐལ། །

ཁྱོད་ཡོང་གིན་ཨེ་ཡོད་ན་ཆུང་མ། །

མདང་གི་རྨི་ལམ་ནང་ལ། །

མིག་ཆུའི་ཨུཏྤལ་འཁོར་ཐལ། །

ཁ་ཆད་ཚེ་ཡི་མདུད་པ། །

དམར་ཆུང་སྙིང་ལ་བྲིས་ཡོད་ན་ཆུང་མ། །

དམར་ཆུང་སྙིང་ལ་བྲིས་ཡོད་ན་ཆུང་མ། །

历史记录

!
提示
播放失败哦,因为我没有版权😂哈哈哈。