
文化之乡·壤塘
རིག་པའི་ཡུལ་གྲུ། འཛམ་ཐང་།
ཚིག གཙང་སྦྲང་ཆར།
གདངས། གསང་བདག
ལེན་མཁན། ཤེར་བརྟན། ཚེ་དབང་ལྷ་མོ།
ཇུས་འགོད། ཧོར་བྲག་སྲས།
འོ་་་་་་ཡེ།
གངས་ཀྱི་ཡུལ།
མཛེས་སྡུག་གི་ས་ཆ།
ཤམྦྷ་ལའི་ཞིང་གི་བཀོད་པ་མིག་ཀོང་ལ་འཕོ་བའི།
མདོ་སྨད་ནོར་འཛིན་ཛམ་ལྷའི་གནས་མཆོོག
ཨེ་མ་ཧོ་་་་གནས་འདི་ཡི་མིང་ལ། འཛམ་ཐང་ཟེར།
ངོ་མཚར་ཆེ།
ཡུལ་འདི་ཡི་སྣོད་བཅུད་ཀྱི་ངོ་སོ་ཡར་ལ་བསྟོད་ཡེ།
འོ་་་་ཡེ།
རིག་པའི་གྲོང་།
ངོ་མཚར་བའི་ཡུལ་གྲུ།
གནའ་དེང་ཤེས་རིག་གི་སྦྱང་འབྲས་གཡུར་དུ་ཟ་བའི།
འཇམ་དབྱངས་ཤེས་རིག་སྒྱུ་རྩལ་སློབ་གྲྭ།
ཨེ་མ་ཧོ་་་་གནས་འདི་ཡི་མིང་ལ། འཛམ་ཐང་ཟེར།
ངོ་མཚར་ཆེ།
ཡུལ་འདི་ཡི་སྣོད་བཅུད་ཀྱི་ངོ་སོ་ཡར་ལ་བསྟོད་ཡེ།
འོ་་་་ཡེ།
རེ་བའི་ཞིང་།
རྨི་ལམ་གྱི་ཡུལ་ལྗོངས།
ཡར་ཀླུང་གི་རང་གཤིས་ལྡན་པའི་རིགས་ཞེན་ལ་བརྩེ་བའི།
ཞི་བདེའི་དམ་ཚིག་སྲུང་བའི་ཡུལ་གྲུ།
ཨེ་མ་ཧོ་་་་གནས་འདི་ཡི་མིང་ལ། འཛམ་ཐང་ཟེར།
ངོ་མཚར་ཆེ།
ཡུལ་འདི་ཡི་སྣོད་བཅུད་ཀྱི་ངོ་སོ་ཡར་ལ་བསྟོད་ཡེ།
ཆོས་མདོ་སྔགས་ཀྱི་བསྟན་པ་འདི་ན་དར།
གནས་ལྔ་རིག་གི་ལང་ཚོ་འདི་ན་རྒྱས།
ནང་མཐུན་སྒྲིལ་གྱི་ལམ་ཁ་འདི་ན་ཡོད།
ལུགས་སྲོལ་བཟང་གི་བདེ་སྐྱིད་འདི་ན་མཆིས།
ཨེ་མ་འཛམ་ཐང་། སྒྱུ་རྩལ་གྱི་ཞིང་ཁམས།
ཨེ་མ་འཛམ་ཐང་། ཞི་བདེ་ཡི་ཕ་ས།
ཨེ་མ་འཛམ་ཐང་། སྒྱུ་རྩལ་གྱི་ཞིང་ཁམས།
ཨེ་མ་འཛམ་ཐང་། ཞི་བདེ་ཡི་ཕ་ས།