泽旺拉姆歌曲封面
00:00
03:12
🔊

祥瑞福臻

专辑
祥瑞福臻
发行日期
2024-08-01
流派
暂无
时长
03:12
播放次数
2,356,789
收藏人数
156,432
歌词
相关信息

རྟེན་འབྲེལ།

གཞས་ཚིག རྫ་སྐྱེས་ཕུར་བ།

གཞས་གདངས། ཀུན་དགའ་བསྟན་འཛིན།

གཞས་མ། ཚེ་དབང་ལྷ་མོ།

རྟེན་འབྲེལ་ཡག་མོ། རྟེན་འབྲེལ་ཡག་མོ།

རྣང་ཞིང་ཕྲ་མོའི་ཕྱི་ལ་རྟེན་འབྲེལ་ཡག་མོ།

མཁར་ཁང་གྲུ་བཞིའི་ནང་ལ་རྟེན་འབྲེལ་ཡག་མོ།

འཛོམས་པའི་སྒང་དྲུག་ཡུལ་ནས་རྟེན་འབྲེལ་ཡག་མོ།

གངས་ལྗོངས་གཙུག་ལག་རིག་པའི་མངའ་ཐང་གིས།

ལུགས་གཉིས་གསེར་གྱི་མེ་ཏོག་ཆེན་པོ་བཞེངས།

ང་ཡི་ཚེ་སྲོག་རྙེད་སའི་འཇིག་རྟེན་ནས།

སྡེ་བཞིའི་རླུང་རྟ་མངའ་ཐང་མཐོ་བར་ཤོག

རྟེན་འབྲེལ་ཡག་མོ། རྟེན་འབྲེལ་ཡག་མོ།

རང་བྱུང་རི་ཆུའི་འཇིག་རྟེན་རྟེན་འབྲེལ་ཡག་མོ།

འཇིགས་མེད་སྙིང་གི་ནོར་བུ་རྟེན་འབྲེལ་ཡག་མོ།

ང་ཡི་སེམས་ནས་དགའ་དགའ་རྟེན་འབྲེལ་ཡག་མོ།

རི་བོ་རེ་ལ་ལྷ་ཡི་སྒྲུང་རེ་གྲུབ།

མཚོ་མོ་རེ་ལ་ལྷ་མོའི་དབྱངས་རེ་ཆགས།

རང་བྱུང་རི་ཆུའི་ཕ་ཡུལ་བསིལ་མོ་ལྗོངས།

སྣོད་བཅུད་རྟེན་འབྲེལ་ཉམས་པ་མེད་པར་ཤོག

རང་བྱུང་རི་ཆུའི་ཕ་ཡུལ་བསིལ་མོ་ལྗོངས།

སྣོད་བཅུད་རྟེན་འབྲེལ་ཉམས་པ་མེད་པར་ཤོག

历史记录

!
提示
播放失败哦,因为我没有版权😂哈哈哈。