
阿妈- 尼木旺通
ས་ཡི་གོ་ལའི་ནང་བྱམས་པའི་མི་ཞིག་ཡོད།
འཛམ་གླིང་ཆེན་པོའི་ནང་འགྲོ་སའི་ལམ་དེ་རེད།
དྲིན་ཆེན་པོ་རྒྱང་གི་ང་ཡི་ཨ་མ་ཡིན།
མི་ཚེ་འདི་ཐུང་ཐུང་ཨ་མ་ཁྱེད་རང་དྲན།
ཨ་མ། ངས་ཁྱེད་ལ་དགའ་བའི་གླུ་ཞིག་ལེན།
ལོ་ངོ་ཆུང་ཆུང་ནང་བྱམས་པའི་མི་ཞིག་ཡོད།
ཟང་ཟིང་སྤྱི་ཚོགས་ནང་དྲན་པ་ཁྱེད་ལས་མེད།
དྲིན་ཆེན་པོ་རྒྱང་གི་ང་ཡི་ཨ་མ་ཡིན།
མི་ཚེ་འདི་ཐུང་ཐུང་ཨ་མ་ཁྱེད་རང་དྲན།
ཨ་མ་ང་ཡིས་ཁྱེད་ལ་དགའ་བའི་གླུ་ཞིག་ལེན།
ཨ་མ་དགའ་སོང་ཡང་དྲན་པ་ཁྱེད་ལས་མེད།
འཇིག་རྟེན་གྱི་འཁོར་བ་སྡུག་བསྔལ་རྒྱ་མཚོ་རེད།
མི་ཚེ་འདི་ཐུང་ཐུང་ཨ་མ་ཁྱེད་རང་དྲན།
ཡེ་འེ། དྲིན་ཅན་ཕ་མ་ལུས་ལ་ན་ཚ་མེད་པ་ཤོག།
སེམས་ལ་སྡུག་བསྔལ་མེད་པ་ཤོག།
བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག།
བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་ཤོག།
ཨ་མ་དགའ་སོང་ཡང་དྲན་པ་ཁྱེད་ལས་མེད།
འཁོར་བ་འདི་དཀའ་མོ་དཀའ་མོ་དཀའ་མོ་རེད།
མི་ཚེ་འདི་ཐུང་ཐུང་ཨ་མ་ཁྱེད་རང་དྲན།
ཨ་མ། ངས་ཁྱེད་ལ་དགའ་བའི་གླུ་ཞིག་ལེན།
ཨ་མ་གང་དུ་སོང་ཡང་དྲན་པ་ཁྱེད་ལས་མེད།
འཁོར་བ་འདི་དཀའ་མོ་དཀའ་མོ་དཀའ་མོ་རེད།
མི་ཚེ་འདི་ཐུང་ཐུང་ཨ་མ་ཁྱེད་རང་དྲན།