三智才让歌曲封面
00:00
03:15
🔊

至爱

专辑
至爱
发行日期
2020-10-29
流派
暂无
时长
03:15
播放次数
2,356,789
收藏人数
156,432
歌词
相关信息

作词 : 岗华

作曲 : 三智才让

编曲:王东

男:

འཁོར་བའི་རི་ལ་སྐྱེས་པའི།།

སེམས་སོང་སུ་རུའི་མེ་ཏོག།

ཐུགས་ལ་མཛའ་བའི་དུས་ལ།།

སེམས་པ་རྗེས་ལ་ཆགས་སོང་།།

དམ་བཅའ་མནའ་ལ་བབས་པའི།།

ཉི་ཤུའི་ནང་གི་སྣང་བ།།

སེམས་པ་མཐུན་པའི་རྒྱ་མཚོར།།

ཚིག་གི་ནོར་བུ་འཕྱུར་བྱུང་།།

གསང་ཚིག་ནོར་བུའི་དོ་ཤལ།།

སྣང་བའི་ཁམས་ལ་བརྒྱུས་ཡོད།།

འོ། ང་ཡི་སྙིང་སྡུག། ང་ཡི་སྙིང་སྡུག།

སྣང་བའི་ཁམས་ལ་བརྒྱུས་ཡོད།།

女:

མྱི་ཁའི་ཙག་ལ་སྐྱེས་པའི།།

ང་རང་ནགས་ཀྱི་གཟི་བྱིའུ།།

ཁྱེད་རང་ཉི་མ་བཞིན་དུ།།

ཡིད་ཆེས་ནང་ལ་ཤར་རོགས།།

སྐྱིད་སྡུག་གཉིས་ཀྱི་ཉི་མ།།

དྲན་པའི་དུས་ལ་འཆར་རོགས།།

འཁོར་བའི་ལ་དང་ལ་མོར།།

ཉིན་སྲིབ་ཡོད་ཀྱང་མེད་ཀྱང་།།

བརྩེ་བ་དབྱར་ཟླ་ཙམ་ཞིག།།

དྲོད་ཀྱིས་བསྐྱངས་ན་དེའི་ཆོག།

འོ། ང་ཡི་སྙིང་སྡུག། ང་ཡི་སྙིང་སྡུག།

དྲོད་ཀྱིས་བསྐྱངས་ན་དེའི་ཆོག།

男:

གཤོག་མཐུན་ཡིན་པའི་ལས་ལ།།

ཁྲུང་ཁྲུང་གཉིས་ལ་སྐྱེས་ཆོག།

女:

སེམས་མཐུན་ཡིན་པའི་ལས་ལ།།

གསེར་ཉ་གཉིས་ལ་སྐྱེས་ཆོག

合:

ཚེ་སྐལ་རིང་ཡང་ཐུང་ཡང་།།

སྐྱེ་རྒ་ན་འཆིའི་དབང་རེད།།

གཞོན་པའི་དུས་ལ་མཐུན་པའི།།

ཞེ་འདང་ཁུར་བའི་ལང་ཚོ།།

ཐུགས་ལ་ཕངས་སེམས་མེད་ན།།

ངང་བ་ཆ་རུ་སྐྱེས་ཆོག།

འོ། ང་ཡི་སྙིང་སྡུག། ང་ཡི་སྙིང་སྡུག།

ངང་བ་ཆ་རུ་སྐྱེས་ཆོག།

འོ། ང་ཡི་སྙིང་སྡུག། ང་ཡི་སྙིང་སྡུག།

ངང་བ་ཆ་རུ་སྐྱེས་ཆོག།

历史记录

!
提示
播放失败哦,因为我没有版权😂哈哈哈。