
妙音赞歌
དབྱངས་ཅན་དྲན་མགུར།
ཚིག མཁན་འཇིགས་མེད་འགྲོ་ཕན།
དབྱངས། དམངས་ཁྲོད།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
དབྱངས་བསྒྱུར་བཅོས། ནམ་མཁའ།
མངའ་རིས་སྒྲ་སྙན། ནོར་བུ་དབང་རྒྱལ།
འཕྲེད་གླིང་། ཧཱན་ཀྲན་བོའུ།
རོལ་མོ་སྒྲིག་བཟོ། ཤེར་བྷ།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཤེར་བྷ།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
ཡིག་སྒྱུར་པ། མཁན་འཇིགས་མེད་འགྲོ་ཕན།
ཨོཾ་སྭ་ར་སྭ་སྟི་ཧྲིཾ་ཧྲིཾ་ཧྲིཾ།
དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །
ཨོཾ་སྭ་ར་སྭ་སྟི་ཧྲིཾ་ཧྲིཾ་ཧྲིཾ།
ཀྱེ། གདོང་བཞི་གདོང་གི་པད་ཚལ་གྱི། །
ངང་བའི་བུ་མོ་ཡིད་འཕྲོག་མ། །
ཨོཾ་སྭ་ར་སྭ་སྟི་ཧྲིཾ་ཧྲིཾ་ཧྲིཾ།
ཤེས་རབ་བཞིན་དུ་ཁོ་བོ་ཡི། །
སེམས་ལ་རིང་དུ་གནས་པར་མཛོད། །
དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །
ཨོཾ་སྭ་ར་སྭ་སྟི་ཧྲིཾ་ཧྲིཾ་ཧྲིཾ།
དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །
ཨོཾ་སྭ་ར་སྭ་སྟི་ཧྲིཾ་ཧྲིཾ་ཧྲིཾ།
ཀྱེ། བརྒྱད་ཁྲི་བཞི་སྟོང་འདེགས་འཇོག་གི །
སྙན་པའི་རྗེས་མཐུན་ཚངས་སྲས་མ། །
ཨོཾ་སྭ་ར་སྭ་སྟི་ཧྲིཾ་ཧྲིཾ་ཧྲིཾ།
འགྱུར་ཁུགས་བཞིན་དུ་ཁོ་བོ་ཡི། །
ངག་ལ་རིང་དུ་གནས་པར་མཛོད། །
དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །
ཨོཾ་སྭ་ར་སྭ་སྟི་ཧྲིཾ་ཧྲིཾ་ཧྲིཾ།
དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །
ཨོཾ་སྭ་ར་སྭ་སྟི་ཧྲིཾ་ཧྲིཾ་ཧྲིཾ།
ཀྱེ། དགའ་བཞི་དགའ་བའི་མཎྜལ་གྱི། །
བཅུ་དྲུག་ཐིག་ལེ་མཚོ་ལྡན་མ། །
ཨོཾ་སྭ་ར་སྭ་སྟི་ཧྲིཾ་ཧྲིཾ་ཧྲིཾ།
ལང་ཚོ་བཞིན་དུ་ཁོ་བོ་ཡི། །
ལུས་ལ་རིང་དུ་གནས་པར་མཛོད། །
དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །