三智才让歌曲封面
00:00
03:23
🔊

轮回中的我

专辑
央金玛
发行日期
2020-11-27
流派
暂无
时长
03:23
播放次数
2,356,789
收藏人数
156,432
歌词
相关信息

作词 : 叶热岗

作曲 : 三智才让

编曲 : 谢尔巴

录音:央容阿东

后期:央容阿东

མི་ཚེའི་འཇིགས་སྣང་ཁུར་ནས་རི་བོའི་ཕ་རོལ་བརྒལ་དུས།

མི་ཚོགས་ཁྲི་མ་འབུམ་གྱིས་དུག་གི་ཁ་རླངས་འཕྱུར་སོང་།

འགྲོ་སའི་རྗེས་ཤུལ་རེ་ན་བླ་བཙག་ཁོང་དགོད་མང་བས།

ཕྱིར་མིག་རྒྱང་ལ་གཏད་ནས་གཏན་གྱི་འདུན་མར་བསྙེགས་ཡོད།

འོན་ཀྱང་མི་སེམས་རླུང་ཁའི་དར་རེད།

དར་ལྕེ་གང་སར་གཡུག་འགྲོ།

ཧོ་ཨོ་ཨོ། ཨོ་ཨོ་ཨོ། ཧོ་ཨོ་ཨོ། ཨོ་ཨོ་ཨོ།

འོན་ཀྱང་མི་ཁ་སྐོར་ལོག་ཆུ་རེད།

ཆུ་མོ་གང་སར་བཞུར་འགྲོ།

ཆུ་མོ་གང་སར་བཞུར་འགྲོ།

ཚར་རྒྱུ་མེད་པའི་མྱི་ཁས་འགྲོ་སའི་གནས་མལ་བཅད་སོང་།

ང་རང་ངུས་མྱོང། ང་རང་བགད་མྱོང་། ང་རང་བགད་མྱོང་།

ངུས་ནས་འཚོ་བའི་ལམ་ཁ་བཙལ་ན་ཡ་མཐའི་འཚོ་བའི་སྙིང་བོ་རྟོགས་ཡོང་།

ཧོ་ཨོ་ཨོ། ཨོ་ཨོ་ཨོ། ཧོ་ཨོ་ཨོ། ཨོ་ཨོ་ཨོ།

ང་ཡི་འཇིག་རྟེན། ང་ཡི་མི་ཚེ། ང་ཡི་འཁོར་བ། ང་ཡི་བདག་པོ།

དབྱངས་ཀྱི་གཤོག་པ་བཏགས་ནས་སྒྱུ་མའི་གྲོང་ཚོ་བརྒལ་དུས།

སྐྱོ་སྡུག་རྣ་བར་གླན་པའི་མི་ཚོགས་འཚང་ཁ་ཤིག་ཤིག

རྒོད་པོའི་འཕུར་ལམ་བར་ན་གཡོ་སྒྱུའི་འཛུམ་བག་རྒོད་པས།

ཞི་བདེའི་གཤོག་ཟུང་བརྐྱངས་ནས་བགྲོད་ལམ་མིག་གིས་འཚོས་ཡོད།

འོན་ཀྱང་མི་ཚོགས་ཁ་མང་རླུང་རེད།

རླུང་བུ་གོས་ཀྱིས་མ་ཁོག

ཧོ་ཨོ་ཨོ། ཨོ་ཨོ་ཨོ། ཧོ་ཨོ་ཨོ། ཨོ་ཨོ་ཨོ།

འོན་ཀྱང་མི་སེམས་སྲ་མོ་རྡོ་རེད།

རྡོ་ཁོག་ཆུ་ཡིས་མ་ལོན།

རྡོ་ཁོག་ཆུ་ཡིས་མ་ལོན།

སྤྲོ་སྣང་མེད་པའི་རེ་བ་སྙིང་སྟོབས་ཡིད་ནས་ཆད་སོང་།

ང་རང་ངུས་མྱོང་། ང་རང་བགད་མྱོང་། ང་རང་བགད་མྱོང་།

བགད་ནས་འཚོ་བའི་གནས་མལ་བཙལ་ན་བདེ་སྐྱིད་འཚོ་བའི་གཞིས་ཀ་རྙེད་ཡོང་།

ཧ་ཨ་ཨ། ཨ་ཨ་ཨ། ཧོ་ཨོ་ཨོ། ཨོ་ཨོ་ཨོ།

ང་ཡི་ཚེ་སྲོག ང་ཡི་ལས་དབང་། ང་ཡི་ནང་མི། ང་ཡི་སྤུན་ཟླ།

ང་ཡི་ནང་མི། ང་ཡི་སྤུན་ཟླ།

历史记录

!
提示
播放失败哦,因为我没有版权😂哈哈哈。