
00:00
02:46
智慧的本色
歌词
相关信息
作曲 : 谢旦
编曲 : 泽旺拉姆
ཤེས་ཡོན་གྱི་རང་མདངས།
གཞས་ཚིག དགེ་བཤེས་ཚེ་རིང་ནོར་བུ།
གཞས་དབྱངས། ཤེར་བསྟན།
གཞས་མ། ཚེ་དབང་ལྷ་མོ།
ཤེས་ཡོན་རྨོངས་མུན་སེལ་བའི་ཉི་མ་ཡིན།།
ཤེས་ཡོན་ཚ་གདུང་འཇོམས་པའི་ཟླ་བ་ཡིན།།
ཤེས་ཡོན་ལེགས་ཚོགས་བཀྲ་བའི་རྒྱུ་སྐར་ཡིན།།
ཤེས་ཡོན་ལམ་ལ་བརྩོན་དང་བོད་པ་ཚོ།།
ཤེས་ཡོན་རྒུད་ཚེ་མི་བསླུ་མཛའ་བཤེས་ཡིན།།
ཤེས་ཡོན་མཚོན་གྱིས་མི་ཕྱེད་རྡོ་རྗེ་ཡིན།།
ཤེས་ཡོན་སྤྱད་པའི་མི་ཟད་གཏེར་མཛོད་ཡིན།།
ཤེས་ཡོན་ལམ་ལ་བརྩོན་དང་བོད་པ་ཚོ།།
ཤེས་ཡོན་ཉེས་སྐྱོན་སེལ་བའི་བླ་མ་ཡིན།།
ཤེས་ཡོན་ཕན་བདེ་བསྐྲུན་པའི་ཕ་མ་ཡིན།།
ཤེས་ཡོན་འདོད་རྒུ་འཇོ་བའི་ནོར་བུ་ཡིན།།
ཤེས་ཡོན་ལམ་ལ་བརྩོན་དང་བོད་པ་ཚོ།།
ཤེས་ཡོན་མི་རིགས་འཚོ་བའི་བླ་སྲོག་ཡིན།།
ཤེས་ཡོན་ཆིག་སྒྲིལ་ལམ་གྱི་གཞུང་ཤིང་ཡིན།།
ཤེས་ཡོན་བཟང་སྤྱོད་འདྲེན་པའི་དེད་དཔོན་ཡིན།།
ཤེས་ཡོན་ལམ་ལ་བརྩོན་དང་བོད་པ་ཚོ།།
ཤེས་ཡོན་ལམ་ལ་བརྩོན་དང་བོད་པ་ཚོ།།