
茫拉沙丘
作词 : 岗华
作曲 : 三智才让
编曲 : 三智才让
མང་རའི་བྱེ་མའི་སྒང་ལ།
茫拉沙丘
ཚིག་རྩོམ་མཁན། གངས་དཔལ།
作词:岗华
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
作曲:三智才让
གཞས་གཏོང་མཁན། མགར་བསམ་འགྲུབ་ཚེ་རིང་།
演唱:三智才让
ཡིག་བསྒྱུར་བ། སྒྲོ•ཨ་རུ།
译:卓·阿热
༡
མང་རའི་བྱེ་མའི་སྒང་ལ།།
茫拉沙丘,
རླུང་བུས་བྱེ་རིས་ཤིག་ཤིག།
风吹涟漪如丝,
བྱེ་མ་ལྷགས་པས་ཁུར་ན།།
被风拂过的沙景,
ལས་འཕྲོའི་མཐུད་མ་དྲན་ཡོང་།།
使人相思姻缘,
སྐྱེ་བ་ཕྱི་མའི་ལས་ལ།།
祈祷来生一世,
མཉམ་གནས་ཨེ་ཡོང་བསམ་ནས།།
愿能相爱相拥,
ལན་བུ་རེ་རེའི་མཐུད་ལ།།
飘逸的节节发辫,
གཡུ་ཆུང་རེ་རེ་བརྒྱུས་ཡོད།།
串有颗颗绿松珠。
༢
བུ་མོ་དྲན་པའི་ཡིག་ཆུང་།།
思念爱恋的诗意,
སྨྲེང་བའི་ཚིག་ལ་ཕབ་པས།།
蕴藏在笔墨纸砚,
སྣག་བུམ་སྨྱུག་སྒྲོ་སྐྱོ་བྱུང་།།
砚墨忧伤,
འབྲི་ཐུར་ལྗང་རྩེ་ངུས་བྱུང་།།
提笔落泪,
འཕྲིན་པ་རེ་རེ་བཀླགས་ན།།
静读封封信,
མཆི་མ་རེ་རེ་ལྷུང་ཡོང་།།
泪流满面,
མཁུར་ཤ་མིག་ཆུས་ཟོས་བྱུང་།།
泪蚀脸庞,
ལུས་སེམས་དྲན་པས་མནར་བྱུང་།།
身心疲惫。
༣
སྨྲེང་བའི་ཁ་ཆར་ཡིན་ན།།
悲如寒风雨雪,
བཙན་གྱིས་ཁོག་ལ་མྱིད་ཆོག།
身心可以阻挡,
དྲན་པས་སེམས་པ་གཅོང་ནས།།
思念侵蚀心身,
འཆི་བའི་དུས་ལ་བབས་ན།།
无可挽回,
སྨན་མཆོག་འཆི་སོས་དངོས་གྲུབ།།
独有妙药,
བདུད་རྩི་ཁྱེད་ལས་མི་འདུག།
乃是爱人,
སེམས་ཀྱི་བུམ་ཆུང་ནང་ལ།།
愿能赐予,
འདང་གི་རིང་བསྲེལ་གནང་རོགས།།
爱的甘露。