三智才让歌曲封面
00:00
03:46
🔊

远行的路途

专辑
远行的路途
发行日期
2021-02-27
流派
暂无
时长
03:46
播放次数
2,356,789
收藏人数
156,432
歌词
相关信息

作词 : 觉乃云才让

作曲 : 三智才让

编曲 : 亚森·阿尔坦

རྒྱང་བཞུད་ཀྱི་ལམ།

ཚིག ཅོ་ནེ་ཡུམ་ཚེ་རིང་།

དབྱངས། མགར་བསམ་འགྲུབ་ཚེ་རིང་།

ལེན་མཁན། མགར་བསམ་འགྲུབ་ཚེ་རིང་།

ངག་སྙན་མོའི་ཆ་འཕྲིན་རེ་རེ།

ཅོ་ཀ་ཡི་གྲེ་འགྱུར་དང་འདྲ་བར།

གཟུགས་མེད་ཀྱི་སྒྲ་རླབས་བརྒྱུད་ནས།

ང་ཡི་སྙན་ལམ་དུ་གྲགས་དུས།

མཚེར་ཤུལ་ན།

དཔྱིད་ཀྱི་ཆར་བས་ཁྱོད་ལ་སྒུག་ཡོད། ཁྱོད་ལ་སྒུག་ཡོད།

ཆུ་འགྲམ་ན།

སྤང་གི་མེ་ཏོག་གིས་ཁྱོད་ལ་ཉན་ཡོད། ཁྱོད་ལ་ཉན་ཡོད།

ཨེ་མ། ཨེ་མ།

སྤྲིན་གྱི་རྒུན་འབུ་འཐུ་བའི།

བར་སྣང་གི་མགྲོན་པོ་ཡ།

ཁྱོད་ནི། ཁྱོད་ནི།

ས་གཞི་སྤོས་ཀྱིས་རྒྱན་པའི།

རྨི་ལམ་གྱི་གཤོག་པ་རེད།

སྙན་གསོ་བའི་གླུ་དབྱངས་རེ་རེ།

ཁུ་ཡུག་གི་གསུང་སྐད་དང་འདྲ་བར།

གཟུགས་མེད་ཀྱི་སྒྲ་རླབས་བརྒྱུད་ནས།

ང་ཡི་སྙན་ལམ་དུ་གྲགས་དུས།

སྡེ་འདབས་ན།

དགུན་གྱི་ཉི་མས་ཁྱོད་ལ་སྒུག་ཡོད། ཁྱོད་ལ་སྒུག་ཡོད།

གྲོང་མཐའ་ན།

ཁ་བའི་མེ་ཏོག་གིས་ཁྱོད་ལ་ཉན་ཡོད། ཁྱོད་ལ་ཉན་ཡོད།

ཨེ་མ། ཨེ་མ།

ཡིད་ཀྱི་དབང་བོ་གསོ་བའི།

སྙན་འགྱུར་གྱི་མཆོད་པ་ཡ།

ཁྱོད་ནི། ཁྱོད་ནི།

གངས་རིའི་རྩེ་མོ་སྙེག་པའི།

རླུང་འཕྲིན་གྱི་ཕོ་ཉ་རེད།

ཨེ་མ། ཨེ་མ།

ཡིད་ཀྱི་དབང་བོ་གསོ་བའི།

སྙན་འགྱུར་གྱི་མཆོད་པ་ཡ།

ཁྱོད་ནི། ཁྱོད་ནི།

གངས་རིའི་རྩེ་མོ་སྙེག་པའི།

རླུང་འཕྲིན་གྱི་ཕོ་ཉ་རེད།

ཁྱོད་ནི། ཁྱོད་ནི།

གངས་རིའི་རྩེ་མོ་སྙེག་པའི།

རླུང་འཕྲིན་གྱི་ཕོ་ཉ་རེད།

རླུང་འཕྲིན་གྱི་ཕོ་ཉ་རེད།

历史记录

!
提示
播放失败哦,因为我没有版权😂哈哈哈。