三智才让歌曲封面
00:00
04:07
🔊

巴域赞歌

专辑
巴域赞歌
发行日期
2022-02-15
流派
暂无
时长
04:07
播放次数
2,356,789
收藏人数
156,432
歌词
相关信息

作词 : 岗华

作曲 : 三智才让

编曲 : 三智文化传媒/王冬东

ས་འབའ་ཡུལ་སྙན་མོ་གླུ་ཡིས་བསྟོད།

ཚིག་རྩོམ་མཁན། གངས་དཔལ།

དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།

གཞས་གཏོང་མཁན། མགར་བསམ་འགྲུབ་ཚེ་རིང་།

རོལ་མོ་སྒྲིག་བཟོ་བ། བསམ་འགྲུབ་རིག་གནས་སྨྱན་བྱད། བང་ཏུང་ཏུང་།

སྒྲ་ཕབ། བསམ་འགྲུབ་རིག་གནས་སྨྱན་བྱད།

སྒྲ་ཞིབ་སྦྱོར། བསམ་འགྲུབ་རིག་གནས་སྨྱན་བྱད། ཕིན་ཙི།

དབྱར་ལ་འབའ་སྟོད་ཆུ་སྤྲིན་སྨུག་པོ་འདྲ།།

ས་བརྒྱད་ཐོབ་པའི་ས་སྐྱོང་གོ་ཆེན་དང་།།

ས་འདིའི་ས་བདག་མཐོན་པོ་བཅུ་གསུམ་ཚོགས།།

སྟོང་ཆེན་མཁའ་ལ་ལྷ་ཚོགས་བྱོན་འདྲ་ཡིན།།

ཝེར་མའི་དྲིན་ལ་གཡང་ས་ཞལ་དཀར་འདིའི།།

བསོད་ནམས་འཇའ་རིས་འོད་གུར་འཁྱུག་སེ་ཡོད།།

སྟོན་ལ་འབའ་ཐང་གསེར་གྱི་གཞོང་པ་འདྲ།།

འདོ་རིག་རྟ་ལ་བང་ཆེན་ཡེར་མོ་ཡོད།།

གཡང་དཀར་ལུག་ལ་བལ་དཀར་ཁ་ཆུ་འཇོ།།

རོག་མོ་འབྲི་ལ་འོ་མའི་རྒྱ་མཚོ་ཡོད།།

པད་མའི་ཚལ་དང་གཡེར་མོ་ཐང་ཆེན་ནས།།

བརྩེ་ཆང་མགྲིན་པས་སྐྱོར་ཏེ་གླུ་ཞིག་ལེན།།

དགུན་ལ་འབའ་གཞུང་བ་སོའི་གཞོང་པ་འདྲ།།

སྙེ་ལོ་འཁྱུག་པའི་འབྲུ་དྲུག་མཛོད་ན་ཡོད།།

ཤིང་ཁང་སྨུག་པོ་གསེར་གྱིས་བཀང་འདྲ་ཡོད།།

རྡོ་ར་གྲུ་བཞི་དངུལ་གྱིས་བཀང་འདྲ་ཡོད།།

སྤྲིན་དཀར་ཞོ་གསར་སྤུངས་འདྲའི་སྐུ་བསོད་ཅན།།

མཛའ་མཐུན་དུང་གི་འོ་མ་ཞབས་དག་མཛོད།།

དཔྱིད་ལ་འབའ་སྨད་དགོས་འདོད་ནོར་བུ་འདྲ།།

མཐུ་ལྡན་ཞུབས་ཆེན་དགའ་ལྡན་ཆོས་རི་དང་།།

ཡུལ་འདིའི་གཞི་བདག་བློན་པོ་བཅུ་གསུམ་ཚོགས།།

གཡེར་ཆེན་མཚོ་ལ་ཀླུ་ཚོགས་བྱོན་འདྲ་ཡིན།།

གཏེར་བདག་དྲིན་ལ་གཡང་ཆགས་ལུང་པ་འདིའི།།

རྒྱུ་ནོར་མཚོ་མོའི་གཟུགས་ཀྱིས་མེར་བ་ཡོད།།

历史记录

!
提示
播放失败哦,因为我没有版权😂哈哈哈。