
高风亮节
ཡ་རབས་ཀྱི་སྲོལ་བཟང་།
ཚིག གཡག་ཟེ་བསོན་ནམས་ཆོས་འཕེལ།
དབྱངས། ཤེར་བསྟན།
ལེན་མཁན། ཚེ་དབང་ལྷ་མོ།
འདི་ན་ལྷག་བསམ་གཙང་མའི་ཉེར་བཀུག་པའི།།
ཐུབ་བསྟན་ཞིང་སར་སྐྱོང་བའི་གཞིར་གྱུར་བ།།
དྲི་བྲལ་སྤེལ་བའི་འཁོར་ལོ་རྣམ་གསུམ་གྱིས།།
གསོས་སྨན་གྱུར་པའི་དཔལ་དུ་ལེགས་པར་འཁྲུངས།།
ཁ་བའི་འདབ་མ་རྡུལ་བརྩེགས་ཀྱིས་མཚོན་པ།།
མདོ་ཁམས་འཛིན་མའི་ལྟེ་བར་བྱིན་ཆགས་ཞིང་།།
མཁྱེན་རབ་རལ་གྲི་རང་ཆས་གྲུབ་པའི་གནས།།
དགོན་འདིར་རྨད་བྱུང་གཏམ་གྱིས་རྣ་བར་སྙན།།
འོ་་་་་་རྣ་བར་སྙན།
འོ་་་་་་དགོན་འདིར་རྨད་བྱུང་གཏམ་གྱིས་རྣ་བར་སྙན།།
བརྩོན་པས་གོ་བགོས་འབད་པའི་སྙིང་སྟོབས་ཀྱིས།།
ངལ་བའི་ཁུར་ཐེག་དྲང་པོའི་ལམ་བསྲང་ཞིང་།།
རིན་ཐང་འཚོལ་བའི་མི་ཚེའི་ལགས་རྗེས་ཤིག།
རྣམ་པར་བསྐྲུན་ཞེས་གྲགས་པའི་མཚན་སྙན་འབར།།
ཡ་རབ་ཡུལ་སྲོལ་བཟང་པོའི་གུས་ལུགས་ཀྱིས།།
ཆེ་མཐོ་བོད་ཀྱི་གཟི་བརྗིད་མ་ཉམས་པར།།
སྲིད་ན་མངོན་པར་འཕགས་པའི་རྡོ་རིང་དུ།།
མཐོ་སྒང་བོད་ཀྱི་ཡུལ་དུ་ཀྲོང་ངེར་འགྱིངས།།
འོ་་་་་་ཁ་བའི་གཟི་བརྗིད།
འོ་་་་་་མཐོ་སྒང་བོད་ཀྱི་ཡུལ་དུ་ཀྲོང་ངེར་འགྱིངས།།