南木卡歌曲封面
00:00
03:12
🔊

至尊上师住世祈愿文

专辑
至尊上师住世祈愿文
发行日期
2024-01-13
流派
暂无
时长
03:12
播放次数
2,356,789
收藏人数
156,432
歌词
相关信息

作曲 : 南木卡

࿑ རྗེ་བཙུན་བླ་མའི་ཞབས་བརྟན།

ཚིག་རྩོམ་མཁན། རྣམ་འདྲེན།

དབྱངས་རྩོམ་མཁན། ནམ་མཁའ།

ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།

རོལ་མོ་སྒྲིག་བཟོ་པ། ཤེར་བྷ།

སྒྲ་ལེན་པ། ཤེར་བྷ།

སྒྲ་ཞིབ་སྦྱོར། ཤེར་བྷ།

མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།

རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།

ཡིག་སྒྱུར་པ། སྐལ་བཟང་།

ཨེ་མ། རྒྱལ་བ་ཀུན་འདུས་པདྨ་ཀ་ར་ཞེས།།

འཆི་མེད་མཚོ་སྐྱེས་རྡོ་རྗེ་ཚེ་ཡི་ལྷ།།

འོད་མཚན་སྟོང་འབར་ཡིད་བཞིན་འཁོར་ལོ་སོགས།།

ཚེ་ཡི་ལྷ་མཆོག་འབུམ་གྱིས་ཤིས་པ་སྩོལ།།

ཨེ་མ། མུ༵་མེད་ཕྱོགས་ཀྱི་འཇིག་རྟེན་རབ་འབྱམས་སུ།།

ཐུགས་རྗེ་འཕྲིན་ལས་འཇུག་པ་འབྱམས་ཀླས་པ།།

ཡོན་ཏན་རྒྱ་མཚོ༵འི་བདག་ཉིད་རྗེ་བཙུན་མའི།།

ཞབས་པད་རྡོ་རྗེའི་གཤིས་སུ་བརྟན་གྱུར་ཅིག།

ཨེ་མ། ཕན་བདེའི་འབྱུང་གནས་བསྟན་དང་བསྟན་འཛིན་སྡེ།།

སྲུང་བའི་མཐུ་ལྡན་དཀར་ཕྱོགས་ཆོས་སྐྱོང་རྣམས།།

རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཞིང་།།

ཐུགས་ཀྱི་བཞེད་དོན་འགྲུབ་པའི་མཐུན་འགྱུར་མཛོད།།

ཨེ་མ། བསླུ་མེད་རིན་ཆེན་གསུམ་གྱི་བྱིན་རླབས་དང་།།

ཆོས་ཉིད་བསམ་མི་ཁྱབ་པ་བདེན་པའི་སྟོབས།།

བདག་ཅག་ལྷག་བསམ་དག་པའི་རྟེན་འབྲེལ་གྱིས།།

རྗེ་བཙུན་བླ་མའི་སྐུ་ཚེ་བརྟན་གྱུར་ཅིག།

历史记录

!
提示
播放失败哦,因为我没有版权😂哈哈哈。