
功业日光华
མཛད་འཕྲིན་ཉི་མའི་འོད་མདངས།
ཚིག བཀྲ་ཤིས་ཉི་མ།
དབྱངས། དམངས་ཁྲོད།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
དབྱངས་འགྱུར་བཅོས། ཇེང་།
མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།
འཕྲེད་གླིང་། ཧཱན་ཀྲན་བོའུ།
རོལ་མོ་སྒྲིག་བཟོ། ཤེར་བྷ།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཤེར་བྷ།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
བསོ། སྙིགས་དུས་བསྟན་པའི་གསལ་བྱེད། །
ཨ་ལ་སེ་རོ། རྫོགས་ཆེན་ཡིད་བཞིན་ནོར་བུས། །
ཨ་ལ་ལ་མོ་དགའ་དགའ། ཐ་ལ་ལ་མོ་སྐྱིད་སྐྱིད།
སྐལ་ལྡན་འགྲོ་བ་ཡོངས་ལ། །
ཆོས་ཀྱི་འོད་སྣང་སྦྱིན་སོང་། །
ཨ་ལ་སེ་རོ། ཆོས་ཀྱི་འོད་སྣང་སྦྱིན་སོང་། །
བསོ། ཐུགས་བསྐྱེད་ལས་སྨོན་དག་པས། །
ཨ་ལ་སེ་རོ། འཇམ་དབྱངས་སྐལ་ལྡན་རྒྱ་མཚོའི། །
ཨ་ལ་ལ་མོ་དགའ་དགའ། ཐ་ལ་ལ་མོ་སྐྱིད་སྐྱིད།
ཡང་སྤྲུལ་ཟླ་བ་དཀར་པོ། །
གདུལ་བྱའི་དཔལ་དུ་ཤར་སོང་། །
ཨ་ལ་སེ་རོ། གདུལ་བྱའི་དཔལ་དུ་ཤར་སོང་། །
བསོ། ཐོས་བསམ་སྒོམ་པའི་ལྡིང་ཁང་། །
ཨ་ལ་སེ་རོ། མཁན་སྤྲུལ་ཉི་ཟླ་ཟུང་གཅིག །
ཨ་ལ་ལ་མོ་དགའ་དགའ། ཐ་ལ་ལ་མོ་སྐྱིད་སྐྱིད།
མཛད་བཟང་བཤད་སྒྲུབ་ལས་གསུམ། །
འཕྲིན་ལས་ཟེར་བརྒྱས་འཁྱུད་སོང་། །
ཨ་ལ་སེ་རོ། འཕྲིན་ལས་ཟེར་བརྒྱས་འཁྱུད་སོང་། །
བསོ། ཕུན་ཚོགས་སྡེ་བཞིའི་དཔལ་ཡོན། །
ཨ་ལ་སེ་རོ། ཕྱོགས་མེད་མཐའ་རུ་རྒྱས་ཏེ། །
ཨ་ལ་ལ་མོ་དགའ་དགའ། ཐ་ལ་ལ་མོ་སྐྱིད་སྐྱིད།
ལུགས་ཟུང་གསེར་གྱི་རྒྱལ་མཚན། །
མི་ནུབ་བརྟན་པའི་བཀྲ་ཤིས། །
ཨ་ལ་སེ་རོ། མི་ནུབ་བརྟན་པའི་བཀྲ་ཤིས། །