
00:00
03:18
红尘的感觉
歌词
相关信息
作词 : 曼伟波
作曲 : 格杰白玛
编曲 : 泽旺拉姆
བརྩེ་བའི་མེ་ཏོག་དམར་པོ།
དུང་བའི་མེ་ཏོག་དཀར་པོ།
མེ་ཏོག་དཀར་དམར་གཉིས་ལ།
འཇིག་རྟེན་སྣང་བ་བཅོལ་འགྲོ།
མེ་ཏོག་དཀར་དམར་གཉིས་ལ།
འཇིག་རྟེན་སྣང་བ་བཅོལ་འགྲོ།
དད་པ་ཤེལ་དཀར་ཕྲེང་བ།
འདུན་པ་གཡུ་ཡི་མདོ་འཛིན།
གཡུ་ཤེལ་རྒྱན་ཆའི་ཕྲེང་ལ།
འདི་ཕྱིའི་དམ་ཚིག་བརྒྱུས་འགྲོ།
གཡུ་ཤེལ་རྒྱན་ཆའི་ཕྲེང་ལ།
འདི་ཕྱིའི་དམ་ཚིག་བརྒྱུས་འགྲོ།
རེ་བ་གསེར་གྱི་སྨྱུ་གུ།
སྨོན་པ་དུང་ཤོག་དཀར་པོ།
རེ་སྨོན་ཡིག་ཆུང་ནང་ནས།
རིགས་ཀྱི་བདེ་སྡུག་གླེང་འགྲོ།
ཁྱོད་ཀྱི་ཁ་ཕྱོགས་དག་མ།
ང་ཡི་དམིགས་ཡུལ་གཙང་མ།
དག་གཙང་ཟུང་དུ་བསྡེབས་ནས།
འདུན་པ་གཅིག་ལ་གཏད་འགྲོ།
འདུན་པ་གཅིག་ལ་གཏད་འགྲོ།