
万艺寻艺主题歌(独唱版)
作词 : 多智合
作曲 : 三智才让
ཁྲི་ལམ་རིང་མོའི་གཞས་ཆུང་།
ཚིག་རྩོམ་མཁན། རྡོ་གྲགས།
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
ལེན་མཁན། མགར་བསམ་འགྲུབ་ཚེ་རིང་།
འཕྲིན་སྟེགས། མགར་ཀླུ་སྲས་རིག་རྩལ།
1.
གང་ལ་འགྲོ་ཞེས་ང་ལ་མ་འདྲི་ལགས།
ང་ནི་རྒྱལ་ཁམས་འགྲིམས་པའི་གླུ་བ་ཞིག
གངས་དཀར་པོ་རིག་དུས་གླུ་རེ་ལེན།
ཆུ་གཙང་བོ་མཐོང་དུས་གླུ་རེ་ལེན།
ཁྲི་ལམ་རིང་མོ་རྡོག་པས་གནོན་ཉིན།
རི་མཐོན་པོའི་མགོ་ནས་བསང་ཞིག་ཕུད་ཡོད།
རྒོད་ཐང་དཀར་ཞིག་གི་གཤོག་ཡས་གཡར་ཡོད།
སྟོང་ལམ་སྐྱ་མོ་ཤུགས་ཀྱིས་གཅོད་དུས།
སྒར་ཁྲ་ཁྲའི་འདབས་ནས་སྨོན་ལམ་རྒྱབ་ཡོད།
རྟ་འདོ་བ་ཞིག་གི་བང་རྩལ་གཡར་ཡོད།
ཨོ་ཧོ་ཧོ། ཁྲི་ལམ་རིང་མོ།
རྟ་འདོ་བ་ཞིག་གི་བང་རྩལ་གཡར་ཡོད།
2.
གང་ནས་འོང་ཞེས་ང་ལ་མ་འདྲི་ལགས།
ང་ནི་གནམ་མཐའི་མཚམས་ཀྱི་མགྲོན་པོ་ཡིན།
གངས་དཀར་པོ་རིག་ན་ཁ་ཕྱོགས་ཡིན།
མཚོ་མེ་ལོང་མཐོང་ན་དམིགས་ས་ཡིན།
ཁྲི་ལམ་རིང་མོ་རྡོག་པས་གནོན་ཉིན།
རི་མཐོན་པོ་ཞིག་ལ་དར་ལྕོག་འཐེན་ཡོད།
སྤྲིན་དཀར་པོ་ཞིག་ལ་རྒྱང་ལྟ་བྱས་ཡོད།
སྟོང་ལམ་སྐྱ་མོ་ཤུགས་ཀྱིས་གཅོད་དུས།
རྫ་ཁྲ་ཡག་ཅིག་ལ་སེམས་པ་ཤོར་ཡོད།
སྤང་མེ་ཏོག་ཅིག་ལ་ཚིག་གསུམ་བཤད་ཡོད།
ཨོ་ཧོ་ཧོ། ཁྲི་ལམ་རིང་མོ།
སྤང་མེ་ཏོག་ཅིག་ལ་ཚིག་གསུམ་བཤད་ཡོད།
ཨོ་ཧོ་ཧོ། ཁྲི་ལམ་རིང་མོ།
སྤང་མེ་ཏོག་ཅིག་ལ་ཚིག་གསུམ་བཤད་ཡོད།
སྤང་མེ་ཏོག་ཅིག་ལ་ཚིག་གསུམ་བཤད་ཡོད།