
啊啦达耶
作词 : 晋美卓彭
作曲 : 民间/将
编曲 : 谢尔巴
གཞས་ངག་གིས་མ་བཀུག་སེམས་ཀྱིས་བཀུག
ཚིག མཁན་འཇིགས་མེད་འགྲོ་ཕན།
དབྱངས། དམངས་ཁྲོད།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
དབྱངས་བསྒྱུར་བཅོས། ཇེང་།
མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།
རོལ་མོ་སྒྲིག་བཟོ། ཤེར་བྷ།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཕཱིན་ཙི།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
ཡིག་སྒྱུར་པ། ནས་སྟོང་ཉིད།
ཨ་ལ་གདའ་ཡེ།
ཆང་དེ་ལ་བདུད་རྩི་ལ་ཟེར་ན། །
འབྲུ་དྲུག་ཉིང་ཁུ་ལ་ལྟེམས་སེ་ལྟེམ། །
འབྲུ་དྲུག་ཉིང་ཁུ་ལ་ལྟེམས་སེ་ལྟེམ་ཟེར་ན། །
སེམས་ཆང་གིས་མ་བཟི་ལ་འདང་གིས་བཟི། །
ཨ་ལ་གདའ་ཡེ།
ནང་དེ་ལ་ཁྲོམ་པ་ལ་ཟེར་ན། །
གཞས་ཀྱི་བྲོ་ར་ལ་འགྲིགས་སེ་འགྲིག །
གཞས་ཀྱི་བྲོ་ར་ལ་འགྲིགས་སེ་འགྲིག་ཟེར་ན། །
བྲོ་དགའ་བས་འཁྲབ་ལ་ལ་སྐྱིད་པས་འཁྲབ། །
གཞས་ཀྱི་བྲོ་ར་ལ་འགྲིགས་སེ་འགྲིག་ཟེར་ན། །
བྲོ་དགའ་བས་འཁྲབ་ལ་ལ་སྐྱིད་པས་འཁྲབ། །
ཨ་ལ་གདའ་ཡེ།
སྙན་དེ་ལ་པི་ཝང་ལ་ཟེར་ན། །
རྒྱུད་སྐུད་ཕྲ་མོ་ལ་བྲེངས་སེ་བྲེང་། །
རྒྱུད་སྐུད་ཕྲ་མོ་ལ་བྲེངས་སེ་བྲེང་ཟེར་ན། །
གཞས་ངག་གིས་མ་བཀུག་ལ་སེམས་ཀྱིས་བཀུག །
ཨ་ལ་གདའ་ཡེ།
བོད་དེ་ལ་གངས་ཅན་ལ་ཟེར་ན། །
སེམས་ཁ་ཕྲ་མོ་ལ་དུངས་སེ་དུང་། །
སེམས་ཁ་ཕྲ་མོ་ལ་དུངས་སེ་དུང་ཟེར་ན། །
སྐྱིད་གནའ་ཡང་རྩེ་ལ་ལ་ད་ཡང་རྩེ། །
སེམས་ཁ་ཕྲ་མོ་ལ་དུངས་སེ་དུང་ཟེར་ན། །
སྐྱིད་གནའ་ཡང་རྩེ་ལ་ལ་ད་ཡང་རྩེ། །