
00:00
02:28
阿尼拉尼_东珠才让
歌词
相关信息
编曲 : 康索次
ཨ་ཉི་ལྷ་ཉི། །
ཚིག ནོར་བུ།
དབྱངས། ནོར་བུ།
གཞས་པ། དོན་འགྲུབ་ཚེ་རིང་།
ཞོགས་པ་ཡར་ལ་ལངས་དུས།།
ཆར་པ་ཟམ་ཟེམ་འབབ་འདུག།
མཐོ་པོའི་རི་ལ་བལྟས་དུས།།
རི་འགོ་སྨུག་པས་གཡོར་འདུག།
ཨ་ཉི་ལྷ་ཉི་ཤར་ཤར།།
རི་འགོ་སྨུག་པ་དྭངས་ཤོག།
ཨ་ཉི་ལྷ་ཉི་ཤར་ཤར།།
སྤྲིན་པའི་སྒོ་མོ་ཕྱེས་ཤོག།
ཞོགས་པ་ཡར་ལ་ལངས་དུས།།
གྲང་རླུང་ཤུལ་ཤུལ་གཡུག་འདུག།
དམའ་མོའི་ཆུ་ལ་བལྟས་དུས།།
མཚོ་མོ་འགྲམ་དར་ཆགས་འདུག།
ཨ་ཉི་ལྷ་ཉི་ཤར་ཤར།།
མཚོ་མོའི་དར་ཁ་དྲོད་ཤོག།
ཨ་ཉི་ལྷ་ཉི་ཤར་ཤར།།
གསེར་ཉྭ་དྲོད་ཀྱི་སྐྱོབས་ཤོག།
ཞོགས་པ་ཡར་ལ་ལངས་དུས།།
ཁ་བ་མར་མར་འབབ་འདུག།
མཛེས་པོའི་སྤང་ལ་བལྟས་དུས།།
ཁ་བས་ས་བཞི་གཡོར་འདུག།
ཨ་ཉི་ལྷ་ཉི་ཤར་ཤར།།
ས་བཞི་དྲོད་ཀྱི་ཁེབ་ཤོག།
ཨ་ཉི་ལྷ་ཉི་ཤར་ཤར།།
ཕྱུགས་རིགས་རྩྭ་ལ་རོལ་ཤོག།