三佰东主歌曲封面
00:00
03:45
🔊

针线 藏语版

专辑
针线
发行日期
2023-07-31
流派
暂无
时长
03:45
播放次数
2,356,789
收藏人数
156,432
歌词
相关信息

作词 : 尖·扎才

作曲 : 念桑多杰

编曲 : 公保拉松

录音:央容阿东

后期:央容阿东

ཨ་ཕའི་རྟུལ་ཕོད་ཀྱིས། རྣོ་ལྕགས་ཁབ་ཏུ་བརྡར།

ཨ་མའི་སྡུག་རུས་ཀྱིས། ལུག་བལ་སྐུད་པར་འཁེལ།

ཁབ་དང་སྐུད་པའི་ཞེ་འདང་། མཛངས་མའི་མཛུབ་རྩེ་ནས་འཕྲད།

ཁབ་ལ་སྐུད་པ་བརྒྱུས་ནས། མཐིང་སྨུག་སྦྲ་ཁྱིམ་བསྐྲུན་སོང་།

ཨོ་ཧོ། མཛེས་སྡུག་གི་རྩྭ་ཐང་དུ། ཆར་རླུང་ལ་འཐབ་ནས།

རྨི་ལམ་དྲོད་ལ་བསྐུར།

ཨོ་ཧོ། མཛེས་སྡུག་གི་རྩྭ་ཐང་དུ། ཆར་རླུང་ལ་འཐབ་ནས།

རྨི་ལམ་དྲོད་ལ་བསྐུར། རྨི་ལམ་དྲོད་ལ་བསྐུར།

ཨ་ཕའི་དཀའ་སྤྱད་ཀྱིས། ལུག་པགས་གོས་སུ་མཉེས།

ཨ་མའི་བློ་རིག་གིས། གོས་ལ་རྒྱན་གྱིས་སྤྲོས།

ཁབ་དང་སྐུད་པའི་བརྩེ་བ། འཚེམ་བུའི་ཐུགས་ལ་འཁོར་ཡོང་།

ཁབ་སྐུད་ལས་འཕྲོ་ཆེ་བས། གོས་ཆེན་ཟ་འོག་བཏགས་སོང་།

ཨོ་ཧོ། འཇིག་རྟེན་ཁྲ་ཁྲའི་གཞུང་ལ། སྐལ་བཟང་རི་མོ་བཀྲ་སོང་།

བརྩེ་བ་འོད་ཀྱིས་འཁྱུད་སོང་།

ཨོ་ཧོ། འཇིག་རྟེན་ཁྲ་ཁྲའི་གཞུང་ལ། སྐལ་བཟང་རི་མོ་བཀྲ་སོང་།

བརྩེ་བ་འོད་ཀྱིས་འཁྱུད་སོང་། བརྩེ་བ་འོད་ཀྱིས་འཁྱུད་སོང་།

ཨོ་ཧོ། འཇིག་རྟེན་ཁྲ་ཁྲའི་གཞུང་ལ།

ཨོ་ཧོ། འཇིག་རྟེན་ཁྲ་ཁྲའི་གཞུང་ལ། སྐལ་བཟང་རི་མོ་བཀྲ་སོང་།

བརྩེ་བ་འོད་ཀྱིས་འཁྱུད་སོང་།

ཨོ་ཧོ། འཇིག་རྟེན་ཁྲ་ཁྲའི་གཞུང་ལ། སྐལ་བཟང་རི་མོ་བཀྲ་སོང་།

བརྩེ་བ་འོད་ཀྱིས་འཁྱུད་སོང་། བརྩེ་བ་འོད་ཀྱིས་འཁྱུད་སོང་།

历史记录

!
提示
播放失败哦,因为我没有版权😂哈哈哈。