
达果边拉【馨愿】
编曲 : q&p曲培音乐
མཛའ་བརྩེའི་སྨོན་པ།
ཚིག སེམས་ཀྱི་པདྨ།
དབྱངས། དབང་ཕྱུག
ལེན་མཁན། རྟ་སྒོའི་སྤེན་ལྷ།
གླུ་གཞས་ཁྱབ་སྤེལ། ཆོས་འཕེལ་འཕྲིན་སྟེགས་ལས་སྒྲུབ་ཁང་།
བོད་གངས་ཅན་དད་པའི་ཡུལ་གྲུ་ན།
ལས་དབང་ཐང་གཅིག་པའི་སྤུན་ཟླ་ལ།
རི་ཁ་བ་ཅན་གྱི་གླུ་བ་ངས།
ལས་རླུང་རྟ་དར་བའི་སྨོན་ལམ་འདེབས།
རི་ཁ་བ་ཅན་གྱི་གླུ་བ་ངས།
ལས་རླུང་རྟ་དར་བའི་སྨོན་ལམ་འདེབས།
གཡང་ནང་ལ་འཁོར་བའི་གཞིས་ཁྱིམ་ན།
དྲིན་ཆེ་བའི་གཟའ་མི་བུ་ཕྲུག་ལ།
སེམས་བསམ་པ་དཀར་བའི་བུ་ཆུང་ངས།
སྐྱིད་ཚེ་ཐག་རིང་བའི་སྨོན་ལམ་འདེབས།
སེམས་བསམ་པ་དཀར་བའི་བུ་ཆུང་ངས།
སྐྱིད་ཚེ་ཐག་རིང་བའི་སྨོན་ལམ་འདེབས།
བོད་མདོ་དབུས་ཁམས་ཀྱི་ལུང་པ་ན།
སེམས་ཁ་ཕྱོགས་གཅིག་པའི་གླུ་བ་ལ།
སྟོད་ནག་ཚང་ཡུལ་གྱི་གླུ་བ་ངས།
ངག་སྙན་པ་རྒྱས་པའི་སྨོན་ལམ་འདེབས།
སྟོད་ནག་ཚང་ཡུལ་གྱི་གླུ་བ་ངས།
ངག་སྙན་པ་རྒྱས་པའི་སྨོན་ལམ་འདེབས།
ས་སྟོད་སྨད་བར་གྱི་ཁུག་སོ་ན།
རིགས་རུས་རྐང་ཅན་གྱི་ན་ཆུང་ལ།
སེམས་དབྱངས་ལ་འདྲེས་པའི་གླུ་བ་ངས།།
ཤེས་ཡོན་ཏན་འཛོམས་པའི་སྨོན་ལམ་འདེབས།
སེམས་དབྱངས་ལ་འདྲེས་པའི་གླུ་བ་ངས།།
ཤེས་ཡོན་ཏན་འཛོམས་པའི་སྨོན་ལམ་འདེབས།
སེམས་དབྱངས་ལ་འདྲེས་པའི་གླུ་བ་ངས།།
ཤེས་ཡོན་ཏན་འཛོམས་པའི་སྨོན་ལམ་འདེབས།
ཤེས་ཡོན་ཏན་འཛོམས་པའི་སྨོན་ལམ་འདེབས།