班措歌曲封面
00:00
04:05
🔊

宿愿情人

专辑
梦中的牧女
发行日期
2021-10-28
流派
暂无
时长
04:05
播放次数
2,356,789
收藏人数
156,432
歌词
相关信息

作曲 : 罗塞

༼ལས་མཐུན་བྱམས་པ།༽

ཚིག ཐེའུ་རང་།

དབྱངས བློ་གསལ།

ལེན་མཁན པད་མཚོ།

གནམ་གྱི་དགུ་ཚིགས་འགྲིག་འགྲིག །

ལས་ཀྱི་སྐར་ཁྱིམ་འགྲིག་པ། །

ཕོ་གཞོན་འཛུམ་པའི་ཟླ་ཞལ།།

ཡིད་ཀྱི་ཆུ་ལ་ཆགས་བྱུང་། །

རི་ལུང་གཅིག་གི་ནང་ལ། །

ཆུ་མོ་ཕར་རྒྱབ་ཚུར་རྒྱབ། །

ཕར་རྒྱབ་ཡར་ཀླུངས་ཁོག་ལ། །

ཨ་ཇོའི་ལུག་ཁྱུ་བསྐོར་ཡོད། །

ཚུར་རྒྱབ་གྲོ་མོ་སྒང་ན། །

བུ་མོའི་སྐྱོགས་ཆུང་ལུས་ཡོད། །

ཐོ་རེངས་སྔ་འདུག་མ་ཟེར། །

མཆོད་ཆབ་ལྷ་ལ་ཕུལ་ཡོད། །

ས་སྲོད་འཕྱི་འདུག་མ་གསུངས། །

སྦྲ་སྒོ་བྱམས་པར་ཕྱེས་ཡོད། །

སྐར་མའི་གསང་མིག་བར་ན། །

ཆུང་འདྲིས་ངོ་ཕོད་ཆུང་བ། །

ལན་ཅིག་བལྟས་པའི་འཕྲོ་ལ། །

ཁ་འབྲས་མེ་ཏོག་མཚར་བྱུང་། །

ཚིག་གསུམ་ཞུས་པའི་རྟིང་མར།།

སྙིང་ཆུང་སྒམ་པུ་གྲོལ་བྱུང་། །

ལས་འཕྲོ་སྤང་དཀར་མེ་ལོང་། །

ཤ་བ་སྨུག་ཆུང་འདུར་ས། །

དུང་སེམས་མདའ་མོ་གཤོག་དྲུག།

སྙིང་གི་དཀྱིལ་ལ་ཕོག་བྱུང་། །

ལས་ལ་སྐྱིད་རེས་སྡུག་རེས། །

འཁོར་བའི་གྲིབ་སོ་རིང་མོ། །

སྐྱིད་ན་ཅོ་ཀ་ཆ་མཉམ། །

ནམ་མཁའ་གཅིག་གི་བྱ་ཡིན། །

སྡུག་ན་ཕོ་རོག་ནག་མཉམ། །

སྡོང་མགོ་གཅིག་གི་ཚང་ཡིན། །

历史记录

!
提示
播放失败哦,因为我没有版权😂哈哈哈。