
《慈父之歌》
编曲 : q&p曲培音乐
ཕ་བཟང་བུ་གི་གླུ་དབྱངས།
ཚིག ལྷག་བསམ་རྒྱལ།
དབྱངས། ལྷག་བསམ་རྒྱལ།
ལེན་མཁན། ཨོ་རྒྱན་ཆོས་འཕེལ།
གླུ་བ་ང་ནི་དབྱར་གྱི་མེ་ཏོག་འདྲ།།
ལང་ཚོའི་མཛེས་སྡུག་དར་རེ་རྒུད་རེ་རེད།
དར་ཚེ་ས་སྒང་མཛེས་པའི་རྒྱན་ཆ་ཡིན།།
རྒུད་ཚེ་སད་ཀྱིས་བཅོམ་ལ་བློ་འགྱོད་མེད།།
ཨ་་ཡ་ལ་ནས་བསྭོ།
འདི་ནི་གླུ་བ་ཞིག་གི་ལས་དབང་རེད།།
འདི་ནི་མི་རྟག་འཁོར་བའི་ཆོས་ཉིད་རེད།།
གླུ་བ་ང་ནི་དབྱངས་ལྡན་ཁུ་བྱུག་འདྲ།།
ངག་གི་འགྱུར་ཁུག་དར་རེ་རྒུད་རེ་རེད།།
དར་ཚེ་དཔྱིད་དཔལ་བསུ་བའི་ཕོ་ཉ་ཡིན།།
རྒུད་ཚེ་མོན་ལ་ལོག་པར་བློ་འགྱོད་མེད།།
ཨ་་ཡ་ལ་ནས་བསྭོ།
འདི་ནི་གླུ་བ་ཞིག་གི་ལས་དབང་རེད།།
འདི་ནི་མི་རྟག་འཁོར་བའི་ཆོས་ཉིད།།
གླུ་བ་ང་ནི་གཡུ་འབྲུག་སྔོན་མོ་འདྲ།།
སྙན་པའི་གྲགས་པ་དར་རེ་རྒུད་རེ་རེད།།
དར་ཚེ་གནམ་ས་བསྒུལ་བའི་གད་རྒྱངས་ཡིན།།
རྒུད་ཚེ་དགུང་ནས་ཡལ་བར་བློ་འགྱོད་མེད།།
ཨ་་ཡ་ལ་ནས་བསྭོ།
འདི་ནི་གླུ་བ་ཞིག་གི་ལས་དབང་རེད། །
འདི་ནི་མི་རྟག་འཁོར་བའི་ཆོས་ཉིད་རེད།།
འདི་ནི་གླུ་བ་ཞིག་གི་ལས་དབང་རེད། །
འདི་ནི་མི་རྟག་འཁོར་བའི་ཆོས་ཉིད་རེད།།