
玉琼智噶啦
作词 : 岗尖土登扎西
作曲 : 三智才让
男:
ཡེ་ཡ་རེ་ལོ། ཨོ། ཡེ་ཡ་རེ་ལོ། ལོ།
མཚོ་མོ་ལ་ནི་གཡུ་ཡི་མེ་ལོང་ངོས་ལ།
གི་ལོ། གཡུ་ཆུང་དྲུག་དཀར་ལགས།
གསེར་ཉ་ལ་ནི་གར་གྱི་སྟངས་སྟབས་རྩེན་སོང་།
གི་ལོ། གཡུ་ཆུང་དྲུག་དཀར་ལགས།
མིག་གིས་ལྟད་མོར་ཁྱོས་གཟིགས་དང་།
སེམས་ཀྱིས་ལོངས་སྤྱོད་ངས་བྱས་ཆོག
མིག་གིས་ལྟད་མོར་ཁྱོས་གཟིགས་དང་།
སེམས་ཀྱིས་ལོངས་སྤྱོད་ངས་བྱས་ཆོག
ཡེ་ཡ་རེ་ལོ། ཨོ། ཡེ་ཡ་རེ་ལོ། ལོ།
女:
ཡེ་ཡ་རེ་ལོ། ཨོ། ཡེ་ཡ་རེ་ལོ། ལོ།
སྦྲང་ཆར་ལ་ནི་དངོས་གྲུབ་སིམ་སིམ་བབས་པར།
གི་ལོ། གཡུ་ཆུང་དྲུག་དཀར་ལགས།
མེ་ཏོག་ལ་ནི་སྤང་གི་རྒྱན་དུ་འཁྲུངས་སོང་།
གི་ལོ། གཡུ་ཆུང་དྲུག་དཀར་ལགས།
དགའ་བའི་ཞབས་བྲོ་ཁྱོས་འཁྲོབས་དང་།
སྙན་པའི་གླུ་ཆུང་ངས་བླངས་ཆོག
དགའ་བའི་ཞབས་བྲོ་ཁྱོས་འཁྲོབས་དང་།
སྙན་པའི་གླུ་ཆུང་ངས་བླངས་ཆོག
ཡེ་ཡ་རེ་ལོ། ཨོ། ཡེ་ཡ་རེ་ལོ། ལོ།
男:
ཡེ་ཡ་རེ་ལོ། ཨོ། ཡེ་ཡ་རེ་ལོ། ལོ།
རི་ལུང་ལ་ནི་སྔོ་ལྗང་གོས་ཆེན་ནབ་པ།
གི་ལོ། གཡུ་ཆུང་དྲུག་དཀར་ལགས།
女:
ཕྱུགས་རིགས་ལ་ནི་སྐར་མའི་ཁྲ་ཚོགས་འཐོར་བ།
གི་ལོ། གཡུ་ཆུང་དྲུག་དཀར་ལགས།
男:
བདེ་བའི་གསོལ་བ་ཁྱོས་ཐོབས་དང་།
སྐྱིད་པའི་སྨོན་ལམ་ངས་བཏབ་ཆོག
女:
བདེ་བའི་གསོལ་བ་ཁྱོས་ཐོབས་དང་།
སྐྱིད་པའི་སྨོན་ལམ་ངས་བཏབ་ཆོག
合:
ཡེ་ཡ་རེ་ལོ། ཨོ། ཡེ་ཡ་རེ་ལོ། ལོ།