
势不可挡
(混音)Mixing by:Yeshi
(母带)Mastering:Yeshi
Hook:Yeshi
རྒྱལ་ཕྱི་རྒྱལ་ནང་རེད།
ཁ་བའི་ལྗོངས་ལ་རེད།
གླུ་གར་རྒྱ་མཚོའི་ནང་hiphopདར་ས་རེད།
མཚན་མོའི་ཨར་ཁང་ནང་།
གློད་པའི་གཞས་དེ་རེད།
བོད་ཀྱི་གཞས་མ་གཏམ།
སྙན་པོ་འདུག་མི་འདུག
Yeshi
They coll me ཕྱོགས་སྤངས་ཡེ་ཤེས།
King of underground young OG
བོད་ཀྱི Rap ཀྱི་ཆུ་ཚད་དེ་མཐོ་ཚད་གསར་པ་གཅིག་ལ་ཁྲིད།
ངས་རྗེས་ལུས་ཐེབས་པའི Rapper དེ་ཚོ་སློབ་ཚན་གནག་པོ་གཅིག་ཁྲིད།
བོད་ཡིག་གི་ཡོང་གི་མ་རེད་འཇོན་གི་མ་རེད་ཟེར་མཁན་དེ་ཚོ་ལྟས་མོ་ལྟོས།
ངས་ཀ་ཁ་ནས་འགོ་བཙུགས Rhyme word
ཚིགས་དྲུག་བདུན་བརྒྱད་དགུ་བཅུ་དཔེ་མང་པོ་བཟོས།
རང་གོས་ལོག་གསར་པ་གྱོན།
ངས་ Flow གསར་པ་བཏོན།
1 2 3 སྒོ་བཙུགས།
ཏ་ཐ་ད་ན་ཤེས་ཀྱི་མེད་ན་ཀ་ཁ་མགོ་ནས་སྦྱོང་།
པ་ཕ་ཨ་མ་བརྟེན་དགོས་མེད་ན་ཀ་བ་ནང་བཞིན་ལོངས།
ལས་མེད་ཕྲུ་གུར་ལྟོས་དང་ཆུ་ཀ་ལའི་ཁ་ལ་ཚ་ལ་རྒྱབ།
ཁོ་ཚོའི་བསྡད་སའི་ཡུལ་གྲོང་དབྱར་ཁའི་ས་ལ་ཁ་བ་འབབ།
ཚིག་གི་བརྡ་བརྒྱབ།
Rap གི་གཞས་འཁྲབ།
Punchline ཁབ།
ཐང་པོ་མེད་ཀྱོག་ལ་རྒྱབ།
Hook:Yeshi
སྐྱེ་བ་ཕོ་ལུས་ལེན།
ཕོ་ལུས་མོ་ལུས་གསད།
undergroundནང་གི
Fake rapper གསད།
མཚན་མོའི་ཨར་ཁང་ནང་།
hip hop གཞས་འདི་གློད།
བོད་ཀྱི་གཞས་མ་གཏམ་སྙན་པོ་འདུག་མི་འདུག
རྒྱལ་ཕྱི་རྒྱལ་ནང་རེད།
ཁ་བའི་ལྗོངས་ལ་རེད།
གླུ་གར་རྒྱ་མཚོའི་ནང་hiphopདར་ས་རེད།
མཚན་མོའི་ཨར་ཁང་ནང་།
གློད་པའི་གཞས་དེ་རེད།
བོད་ཀྱི་གཞས་མ་གཏམ།
སྙན་པོ་འདུག་མི་འདུག
Hip Hop རེན་ཐང་དེ་ཁྲི་ཁྲག་ལས་ཆེ།
ངེས་ fake rapper ལ་ཁྱི་སྐྱག་དེ་སྟེར།
མི་དགའ། མི་འདོད། མི་སྐྲག་གི་ཟེར།
མི་ཁ་མིང་དེ་ཚོ་ལ་ཚོ་རྒྱུ་ལག་དེ་སྐྱེས།
མ་འཆམ་པའི་མི་དང་བྲལ་ནས་བྲལ།
སྐྱག་རྫུན་གྱི་བརྩེ་བ་དེ་ཡལ་ནའི་ཡལ།
ཁོང་ཚོའི་གདོང་སྒང་གི་གདོང་ལྤགས་དེ་རལ་ནས་རལ།
ཁོ་ཚོས་dissགཏང་དགོས་བསམ། ང་འཚལ་ནས་འཚལ།
གཞས་བཏང་བྱས་དབུགས་ཁྱོན་ན་ཆད་མྱོང་མེད།
རང་སུ་ཡིན། ང་ཁྱོད་ན་ཞེད་མྱོང་མེད།
མ་འཇོན་ན་མ་ཐུབ་ན་ཕར་ཙམ་རྒྱུག
ངས་sker་མགོ་སྒང་ལ་བོར་དམ་གཡུག།
ཁོ་ཚོའི་ཁ་ནས་དགའ་མ་དགའ། ཟ་མ་ཟ།
འདྲ་མ་འདྲ་བཤད་བྱས་དཀའ་ལས་ཁ།
ངའི་ཚེག་དེ་མེ་ནང་ཞིན་ཚ་མ་ཚ། ལྟ་བ་ལ། ག་ས་ག་ལ་སྐད་ཆའི་སྒྲ
Hook:Yeshi
རྒྱལ་ཕྱི་རྒྱལ་ནང་རེད།
ཁ་བའི་ལྗོངས་ལ་རེད།
གླུ་གར་རྒྱ་མཚོའི་ནང་hiphopདར་ས་རེད།
མཚན་མོའི་ཨར་ཁང་ནང་།
གློད་པའི་གཞས་དེ་རེད།
བོད་ཀྱི་གཞས་མ་གཏམ།
སྙན་པོ་འདུག་མི་འདུག