Wings歌曲封面
00:00
02:51
🔊

卫安康

专辑
卫安康
发行日期
2025-02-16
流派
暂无
时长
02:51
播放次数
2,356,789
收藏人数
156,432
歌词
相关信息

作词:wings Double Star

作曲:wings Double Star

制作人:wings Double Star

编曲: BeatStars

wings -- Lil sad

སྟོད་མངའ་རིས་སྐོར་གསུམ།

བར་དབུས་གཙང་རི་བཞི། སྨད་མདོ་ཁམས་སྒང་དྲུག སོ་ཡ་རེས་ལེན།

wings--RTDB

བྱམས་སྙིང་རྗེའི་གདོང་དམར་ང་ཚོའི་རྒྱན།

འགྲོ་སེམས་ཅན་བདེ་བར་ཡོང་བས་སྨོན་འདུན་འདེབས།

དགུན་ཁ་བ་མར་མར་འབབ་སའི་དག་པའི་ཞིང་དེ་ང་ཚོའི་ཡུལ།

ཕ་ཡུལ་གངས་ལྗོངས་་་་་གཡང་གི་ཕྱུགས་མོ་རེད།

wings--Luo sang

སྟོད་མངའ་རིས་ཡུལ་ལ་འགྲོ

བར་དབུས་གཙང་ཡུལ་ལ་འགྲོ

སྨད་མདོ་ཁམས་ཡུལ་ལ་འགྲོ

ཡ་་་་་་ལགས་སོ།

གངས་རི་དཀར་པོ་ཤེལ་གྱི་མཆོད་རྟེན།

མ་ཐམ་གཡུ་མཚོ་གཡུ་ཡི་མེ་ལོང་།

འཇའ་ཚོན་སྣ་ལྔ་འོད་ཀྱི་གུར་ཁང་།

མི་རིགས་མང་པོའི་རླུང་རྟ་དར་ས།

སྟོད་མངའ་རིས་སྐོར་གསུམ།

བར་དབུས་གཙང་རི་བཞི།

སྨད་མདོ་ཁམས་སྒང་དྲུག

DoubleStar--Suo guo

སྟོད་མངའ་རིས་ཡུལ་ནས་སོ་ཡོང་དུས།

ལག་གི་རླུང་རྟ་གངས་འདི་ལ་མཆོད་རེད།

ཀི་ཀི་བསྭོ་བསྭོ་ལྷ་རྒྱ་ལོ་ཟེར་ནས།

ངས་བཀྲ་ཤིས་པའི་གླུ་དབྱངས་ལེན།

གངས་རི་མཐོན་པོ་གངས་རིན་པོ།

ཆུ་བོ་ཆེན་པོ་མ་ཕམ་གཡུ་མཚོ།

འགྱུར་ཁུག་དྭངས་མོ་མངའ་རིས་སྒྲ་སྙན།

བྲོ་ར་ཡག་པོ་དེ་རིང་འཁྲབ་སོང་།

སྤང་རི་རྫ་རི་དེ་ང་ཚོའི་ཕ་ས།

བརྗེད་མེད་པ་དེ་ནི་ང་ཚོའི་འབྲོག་པ།

རྟ་ནོར་ལུག་གསུམ་བདེ་མོ་ཐང་ལ་རོལ་ཡོད།

རྫི་གླུ་སིང་སིང་དེ་རིང་འདི་ན་ལེན་ཤོག

Hook:

བྱམས་སྙིང་རྗེའི་གདོང་དམར་ང་ཚོའི་རྒྱན།

འགྲོ་སེམས་ཅན་བདེ་བར་ཡོང་བས་སྨོན་འདུན་འདེབས།

དགུན་ཁ་བ་མར་མར་འབབ་སའི་དག་པའི་ཞིང་དེ་ང་ཚོའི་ཡུལ།

ཕ་ཡུལ་གངས་ལྗོངས་་་་་གཡང་གི་ཕྱུགས་མོ་རེད།

སྟོད་མངའ་རིས་ཡུལ་ལ་འགྲོ

བར་དབུས་གཙང་ཡུལ་ལ་འགྲོ

སྨད་མདོ་ཁམས་ཡུལ་ལ་འགྲོ

SuoLang

Do I wanna say

རྨི་ལམ་ཚོལ་ཏེ་ going to the way

ལམ་རིང་མོ་ I just wanna fly

རེ་བ་རྒྱང་ལ་ཡོད་ང་རང་ལམ་ན་ཡོད།

wo God dame གཞན་གྱི་འོད་སྣང་།

མཐོང་བ་ཙམ་གྱི་རང་ཉིད་སྨག་རིམ་དུ་འཇོག

རེ་བ་གང་ན་ཡོད།

wings -- Lil sad

I am big star དུས་རབས་འདིའི་སྔོན་མ་རེད།

ནམ་མཁའི་མཁའ་ལ་འཕྲོས་པའི་འོད་ཟེར་རེད།

སེམས་པའི་གཏིང་ཡུལ་ན་འཕྲོས་པའི་དང་རྩེ་རེད།

ཁ་ཡ་ན་ཟླ་ཚང་མའི་གྲལ་གྱི་སྔོན་མ་རེད།

དཔེར་ན། གངས་ཤིག་ཡིན་ན་ང་རང་ཧི་མ་ལ་ཡ།

I am big star ཁྱེད་ཚོ་ཚང་མའི་སྔོན་ན་ཡོད།

I am a rock star.ཁྱེད་ཚོ་ཚང་མའི་མདུན་ན་ཡོད།

Hook:

བྱམས་སྙིང་རྗེའི་གདོང་དམར་ང་ཚོའི་རྒྱན།

འགྲོ་སེམས་ཅན་བདེ་བར་ཡོང་བས་སྨོན་འདུན་འདེབས།

དགུན་ཁ་བ་མར་མར་འབབ་སའི་དག་པའི་ཞིང་དེ་ང་ཚོའི་ཡུལ

历史记录

!
提示
播放失败哦,因为我没有版权😂哈哈哈。