Pupten歌曲封面
00:00
02:26
🔊

Drenchen Pha

专辑
雪脉
发行日期
2023-07-10
流派
暂无
时长
02:26
播放次数
2,356,789
收藏人数
156,432
歌词
相关信息

作词 : Mumrab

作曲 : Mumrab

编曲 : Heatmaky

ཁྱོད་མེད་ན་ངའི་སེམས་ནུབ།

ཁྱོད་མེད་ན་ངའི་རྒྱབ་རི་བརླག

ཁྱོད་མེད་ན་ངའི་སེམས་ནུབ།

ཁྱོད་མེད་ན་ངའི་རྒྱབ་རི་བརླག

ངེད་གཉིས་པོ་ཁ་བྲལ་ནས་ག་ཚད་སོང་ཡོད་མེད་དུས་ཚོད་རླུང་གཞིན་ཁེར་ལྷག་ནས་མེད།

དགོང་ཁ་རྨི་ལམ་ནང་ལ་ཁྱོད་ཆ་ཐུག ང་གཉིད་ནས་སད་མ་བཅུག དེ་རག་ལེ་མིན།

སེམས་ཀྱི་སྡུག དེར་སྔ་གཏོར་བཅོས་བྱས་ནས་ཁྱོད་ཀྱི་སེམས་བཀྲུགས། མཐའ་མ།

ངས་ཁེར་སླ་ལེ་མིན། འཇོན་བྱེད་ཁེར་མེད་ལེ་ཤི་གདའ་འོ་

ང་འགྱོད་པ་རྒྱབ་ལ་སྐྱེས་དུས་ཕྱི་ཚར་ལེ་ཡིན།

དབུགས་བསྡད་མི་གདའ། ཟོག་རོ་ཕན་མི་གདའ།

ང་བསྡད་བཞག་ནས་མཚམས་མི་ལ་ཕན་མི་གདའ།

དེ་རུ་ཁེར་བཞོག་ཤོགས བརྩེ་བ་འདི་འདི་ར།

ངའི་རྣམ་ཤེས་དེ་ཁྱོད་ཀྱི་ཆ་ལ་ཕི་ཕི་ར།

དེ་རང་རང་རྩོམ་བཞག་ལེའི་བདེ་བ།

སེམས་གསོ་དང་ཁྱོད་མཉམ་བྲལ་མེད་ལེའི་སྣང་བ།

བརྗེད་མི་འགྲོ་བའི་རྣམ་པ་དང་སྐད་ཆ།

ཁྱོད་ངའི་མཚམས་ལ་བསྡད་བཞག་ལེ་འདྲ་འདྲ།

ཁྱོད་མེད་ན་ངའི་སེམས་ནུབ།

ཁྱོད་མེད་ན་ངའི་རྒྱབ་རི་བརླག།

ཁྱོད་མེད་ན་ངའི་འགྲོ་ལུགས་དང་བསྡད་སྟངས། ཕུགས།

ལམ་སྣ་སྒྲོན་མི་སུའི་བསླབ།

ཁྱོད་མེད་དུས་འཚོ་བ་མུ་མཐུད་ནས་བསྐྱལ་རྒྱུ་ཉི་མ་ཤར་ནས་ཤར། ནུབ་ནས་ནུབ།

ཁྱོད་མེད་དུས་སྡུག ཁྱོད་མེད་དུས་རྨི་ལམ་ནང་ལ་སྒུག

འགྱུར་མེད་སེམས་ཀྱི་ལྷ་ཡིན།

ངའི་ཕ་ཡིན།

སྐྱིད་སྡུག་ཁུར་མིའི་ཀ་བ་ཡིན།

ངེད་ཚང་གི་རྩ་བ་ཡིན།

ང་ཨ་ཕོ་ལུག་རྫི་དེ་མི་ཡི་མཐའ་མ།༼མི་མཐའ་མ་༽

རྗེས་ཕབ་རྒྱུ་གྲོགས་པོ་གྲོགས་མོ། གྲོང་ཁྱེར་འདིའི་ནང་གི་གོམས་གཤིས་མཐའ་མ།

ཆང་རག་དང་དུ་ཚུབ་དེ་འཚོ་བའི་རྩ་བ། ༼ངའི་འཚོ་བ་༽

མི་ཕན་ཚུན་གཅིག་གི་གཅིག་ལ་མི་དགའ་ལེའི་བལྟ་བ།༼བལྟ་བ་༽

སེམས་མི་འཁོར་ཁྱིམ་ནང་གི་ཕ་མ།

གླེང་མི་དགོས། ལ་ཡོགས་དེ་རང་ལ་འཁོར་འདུག་འགན་འཁྲི་ཕྲག་ཐོག་ལ་ལུག་དུས།ཚ་ན། ༼ད་སེ་ངའི་སེམས་དེ་འཁྱགས་པ།༽

ཉིན་མོའི་སྐར་མ་ རེད་ཚར་གདའ།

འཚོལ་ནས་རྙེད་རྒྱུ་མེད་ལེ་གང་ན་གདའ། ༼གང་ན་གདའ།༽

མེད། ལས་ལ་བསྐོས་ཚར་ནས། འགྱུར་བ་མེད་པ་ཁྱོད་ངའི་སེམས་གི་ཉི་མ། ༼ངའི་ཉི་མ།༽

རེད། སྐྱེ་རྒ་ན་འཆི་དེ་འཁོར་བའི་ལམ་ཁ།

ངའི་ཕམ་ཁ། ༼ཡུལ་ས་མཐའ།༽

ངའི་ཆ་བྲལ་མ་མྱོང་། འདི་རུ་གདའ་འོ།

དུས་རྟག་ཏུ་མི་རབ་(Mumrab)ཀྱི་ལུང་།

ངས་དགེ་བ་ཅི་འདྲ་བསགས་ཡོད་ན།

དེ་ཚོ་ཚང་མ་ཕར་བསྐུར།

ངའི་ཆ་བྲལ་མ་མྱོང་། འདི་རུ་གདའ་འོ།

དུས་རྟག་ཏུ་མི་རབ་(Mumrab)ཀྱི་ལུང་།

ངས་དགེ་བ་ཅི་འདྲ་བསགས་ཡོད་ན།

དེ་ཚོ་ཚང་མ་ཕར་བསྐུར།

འགྱུར་མེད་སེམས་ཀྱི་ལྷ་ཡིན།

ངའི་ཕ་ཡིན།

སྐྱིད་སྡུག་ཁུར་མིའི་ཀ་བ་ཡིན།

ངེད་ཚང་གི་རྩ་བ་ཡིན།

འགྱུར་མེད་སེམས་ཀྱི་ལྷ་ཡིན།

ངའི་ཕ་ཡིན།

སྐྱིད་སྡུག་ཁུར་མིའི་ཀ་བ་ཡིན།

ངེད་ཚང་གི་རྩ་བ་ཡིན།

混音:Ricky2Busii(the black birds)

录音工作室:The black birds Studio

母带工程师:费华为 姚海毅

母带棚:Allanwang Studio

OP: RollDice Records

出品 : 网易电波× RollDice Records

历史记录

!
提示
播放失败哦,因为我没有版权😂哈哈哈。