藏堂歌曲封面
00:00
02:28
🔊

Dirty society

专辑
FIRE-Yeshi
发行日期
2024-04-09
流派
暂无
时长
02:28
播放次数
2,356,789
收藏人数
156,432
歌词
相关信息

གདོང་ལ་གདོང་ལྤགས་གྱོན་བསྡད།

འཚོ་བ་མུན་ནག་ནང་ཚུད་བསྡད་ཡོད།

མདུན་བསྐྱོད་སེམས་ཤུགས་དེར་འགྲོ་དུས།

མཚམས་མཚམས་སེམས་པ་དེ་ཡིད་ཆད།

དོན་དངོས་འཚོ་བའི་སྐྱོན་བཤད།

བདེན་རྫུན་དབྱེ་མེད་ཀྱི་སྤྱི་ཚོགས།

མཛེས་པའི་རི་མོ་ཞིག་བྲིས་ཆོག

ཟང་ཟིང་ཁོར་ཡུག་ནང་གནས་བསྡད་དུས།

ལུས་ཀྱི་ཀུན་སྤྱོད་ཡང་བརླག་ཆོག

མིག་བཙུམ་སྡིག་པ་ཡང་བསགས་ཆོག་ལ་སྐས་སྒང་ཕྲེང་བ་ཡང་བཞག་ཆོག

ཕལ་ཆེར་རང་ང་དང་ཆ།

ཁྲམ་པ་མ་བཤད་ན་ལྷ།

རྒྱུ་དག་མེད་པའི་མི་བྱེད་པ་འཚོ་བའི་ཆེད་དུ་ཡིན་པ་ཆ།

We know that

ད་ལྟ་མི་ཚང་མ་ཆ་རེད།

རྒྱུ་འབྲས་ཁེངས་བསྡད་པའི་ཁ་རེད། 

དམིགས་ཡུལ་གཙོ་བོ་དེ་རྒྱ་ལོ་བསགས་

དེ་སྒང་རྒྱ་མོ་ཙག་བསམ་པའི་ཇུས་རེད།

འདི་ཁོ་ཚོས་ཆོས་རེད་ཟེར།

འདི་ཁོ་ཚོས་ཆོས་རེད་ཟེར།

HOOK:Jamyang lhamo

ཟང་ཟིང་གི་སྤྱི་ཚོགས་ནང་ལ།

སེམས་བདེ་བ་ཐོབ་ན་བདེ་སྐྱིད།

ཡ་ང་བའི་ང་ཚོའི་མི་ཚེ།

མིག་ཆུ་དང་འགྱོད་པའི་ཁེངས་འདུག

ཕྱིན་ཚར་པའི་དུས་ཚོད་ལ་བསམ་བློ་ཞིག་བཏང་།

སེམས་ནང་བརྗེད་དཀའ་བའི་སྡུག་བསྔལ་དེ་དུས་ཚོད་ཀྱི་སངས།

ཡིན་ནའི་ཀྱག་ཀྱོག་གི་ལམ་བུ་ལ་དཀའ་སྡུག་གི་ཁེངས།

བྱས་ཙང་མི་ག་ཚོད་མཚན་མོ་མིག་ཆུ་ཡང་བཏང་།

ཁ་པར་དེ་ཡར་ལེན་བྱས་ངས་མོ་ལ་བརྒྱབ།

ཚིག་གནག་པོའི་སྐད་ཆ་དེ་མོས་ང་ལ་ལབ།

རྒྱུ་མེད་པའི་བརྩེ་དུང་ལ་འབྲས་བུ་མེད་ཟེར།

རང་གི་ལྷད་མེད་ཀྱི་བརྩེ་དུང་དེ་ཕན་མེད་རེད་ཟེར།

རྒྱུ་ཡོད་ན་མི་དང་རྒྱུ་མེད་ན་ཁྱི།

སྔོན་ཆད་ཀྱི་མི་དེ་སེམས་ནང་ནས་ཤི།

བྱས་ཙང་རང་རྒྱུ་དང་དབང་ཡོད་པའི་ལམ་ཞིག་འཚལ་དགོས།

གཡོ་སྒྱུ་དང་ཁྲམ་པའི་འོག་མི་ཚེ་བསྐྱལ་དགོས།

ཡ་ང་བའི་ང་ཚོ།

ཡ་ང་བའི་ང་ཚོ།

མི་ཚེ་སྙིང་པོ།

ཧ་གོ་ཡག་ཁག་པོ།

དུས་དེང་སང་མི་མང་ཆེ་ང་ཚོ་དང་ཆ།

ས་ར་དེ་མ་གཡོས་ན་ཁ་ར་བཏགས་ཁྲ།

ཟང་ཟིང་གི་སྤྱི་ཚོགས་ནང་ལ།

ཟང་ཟིང་གི་སྤྱི་ཚོགས་ནང་ལ།

ཡ་ང་བའི་ང་ཚོའི་མི་ཚེ།

མིག་ཆུ་དང་འགྱོད་པའི་ཁེངས་འདུག

ཡ་ང་བའི་ང་ཚོའི་མི་ཚེ།

མིག་ཆུ་དང་འགྱོད་པའི་ཁེངས་འདུག

རྒྱུ་འབྲས་མེད་པའི་མི་ཚོང་རྒྱག་གི

ཁྱིམ་ཚང་ཐོར་ནས་ད་ཕྲུག་བཟོ་གིས།

རང་ཚུགས་ཤོར་ནས་མི་སེམས་དཀྲུག་གི

འཚོ་བའི་ཆེད་དུ་ཡིན་ཟེར་བཤད་ཀྱིས།

འཛམ་བུ་གླིང་གི་མི་རྣམས་སྨྱོ་ཤག

ནམ་མཁའི་དཀོན་མཆོག་གིས་གཟིགས་རོགས།

ཡ་ང་བའི་ང་ཚོའི་མི་ཚེ།

ནམ་མཁའི་དཀོན་མཆོག་གིས་གཟིགས་རོགས།.X8

历史记录

!
提示
播放失败哦,因为我没有版权😂哈哈哈。