
Lay low
作词 : 藏堂/AKA壁虎
作曲 : 藏堂/AKA壁虎
编曲 : 藏堂
混音/母带:Yeshi
One to one microphone འདིར་གློག་ཁྱུག
སེམས་ནང་བསམ་པའི་སྐད་ཆ་ཚང་མ་སྦས་གསང་མེད་པ་མར་སྐྱུག
སྐྱག་དབྲལ་ཐག་མཁན་བོང་བུ་དེ་ཚོ་བོད་ཡིག་ཚིག་འདི་ཀློག་བཅུག
ང་སོ་མ་ར་ཙ་རིན་ཐང་དེ་ཉིན་རེ་བཞིན་དུ་འཕར་བཅུག
Yeshi:
བྱས་ཙང་བསྡུར་དགོས་མ་རེད་འདྲ་གི་མ་རེད་ང་ཚོས་བཏང་པའི་གཞས་དང་དབྱངས།
སྐད་ཆ་མ་དྲིས། ང་ཚོའི་བསམ་བློ་ཁོ་ཚོས་གོ་མྱོང་མེད་པ་ཀྱང་།
ཤར་ནས་ནུབ་དང་ལྷོ་ནས་བྱང་། བྱ་མ་བྱེའུ་སེམས་ཅན་མང་།
ཁ་བདེ་པོ་མ་བྱེད། ང་ཚོས་བཟོས་པའི་རོལ་དབྱངས་དེ་ཚོ་ཁོ་ཚོས་ཟས་པའི་ཚ་ལས་མང་།
Lhasa Kid:
肮脏拙劣的演技劳资懒得明着说
娇贵公子哥的衣服好像来自拼多多
把他玻璃心搓破
看他表现挺窝火
听古典Bom Bom砸在伴奏多妙
我像在秋名山上飘逸划过坡道
Hater声音在讲 我当然听不到
我跟着Beat 跳起探戈
But no Z 成绩全是A 让他们颤抖
迂腐 小聪明 盲目自卑
勤奋 大智慧 诚信有为
靠Hip-Hop的幌子吞着金
做音乐被流量分了心
行业标杆请记住我们的名
Yeshi:
ངས་གསར་ནས་རྙིང་དང་སྙིང་ནས་ཁྲག
ངའི Flow དེ་ཁོ་ཚོའི་སྙིང་ནད་ཆགས།
ངས་གདངས་དེ་མེ་སྒང་ལ་ཤ་ནང་གཞིན་སྐྲག
ངས་ཟས་བྱས་ཁོ་ཚོ་གཞི་ནས་རག
ངས Rap དང་ཆང་ས་རྒྱབ། Dance བརྒྱབ།
ཚིག་དེ་སྨན་གྱི་ཚབ། ཁོ་ཚོ་རྒྱབ།
སོ་མ་ར་ཙའི་སྤུན་ཟླ་ཡོང་པ་མཐོང་དུས་ལྡིང་ཆའི་སྒང་ནས་ཚང་མ་བབས།
ལྟོས། རང་རོགས་པ་ཆུ་ཚད་མེད་འདུག་ཡ།
བོད་ལ Rapper མང་པོ་དགོས་ནའི་གྲངས་ཀའི་ཆེད་དུ་མ་རེད་པ།
ང་ཚོ་ཉིན་རེར་ཡར་རྒྱས་འགྲོ་དུས་ཁོ་ཚོའི་གདོང་གི་རྣམ་འགྱུར་ལ།
ཁོས་བསམ་རྒྱུ་ལ། ཁོས་དྲན་རྒྱུ་ལ།
ཁོ་ཁ་གཏད་མི་འདུག་སྐྱིད་མདོག་ལ།
Lhasa Kid:
为那些装着帮的呛的全部都跪着
小爷的出现连光都褪色
敢做敢当无惧高空坠落
玩的是主流无需Fake的配色
再让我加个速 Beat抓不住
只能追赶我的路
看看SMRZ挡不住 多么酷
压抑的能量现在开始松动
都给我站好立正 战火里的瞳孔
不断的较劲 朝着目标靠近
一步一个脚印
花招太糗的沙雕太丑
恕我直言 各位都是插标卖首
Yeshi:
ལམ་འདི་ས་ནས་ས། ངས་བརྒྱབ་པའི་ལ་ནས་ལ།
སུ་མིག་ཚ་ནས་ཚ། གནམ་གྱི་ཁ་ནས་མཐའ།
AKEBhaizha:
You ready…ང་ཚོས་སོ་མ་ར་ཙའི་སྐད་རེད།
You got it…ང་ཚོས་རྩམ་པ་དཀར་པོ་ཟ་རེད།
ཡ་ཡེ་ཡི། བུ་ང་འདྲ་ང་ངོ་མ་ཤེས་ན།
ཨོ་ཡེ་ཡི། བུ་ང་ཡོང་ས་ཆབ་མདོ་བ།
དོག་རྫོས། ཚོགས་གདའ་དུས། ངོག་དགོས་ལེ་འདྲ་རེད་གདའ།
ཁྱོད་ཀྱིས་ལྟོས། གཡོག་གདའ་དུས། ཐོག་དགོས་ལེ་འདྲ་རེད་གདའ།
དྲད་དྲད་འདྲ་ཟིག་རྫིག་པོ་ཡིན་བསམ་སོང་དང་མ་སོང་ཅིག་པ་རེད།
ཐད་ཐད་འདྲ་ཟིག་རེད་ཚར་དུས་དེ་འདྲེ་ཧ་སྦ་ར་ཅིག་པ་རེད།
ཚེས་བཅུ་ལྔ་ཤ་མི་ཟ། དགྲ་བོ་ལ་ཤ་མི་ཚ།
ང་ཁམས་པ་གནའ་མི་ཟ། ངས་ཁ་རོག་གནའ་མི་བཅའ།
ཁྱོད་ངེད་གཉིས་འདྲ་ལེ་མ། ངའི་རྒྱབ་ལ་སོ་མ་ར་ཙ།
ཚོག་མེད་ན་རྒོབ་མ་རྒྱག ང་ངོ་མ་དགོད་ཤོར་གྲག
Gyange:
ང་ཁྱོད་དང་མར་ཚ་འདྲ་མ།
ངའི་རེ་བ་རི་ལས་མཐོ་བ།
ངའི་སེམས་ནང་ལྷ་ལ་དད་པ།
ངའི་ཁོག་རྒྱ་གཞན་ལས་ཆེ་བ།
ངས་གདམ་པའི་ལམ་ཁ་རེད།
བདེན་པ་ཡིན། བདེན་པ་ཡིན།
ངའི་སེམས་ལ་འགྱོད་པ་མེད།
ངོ་མ་ཡིན། ངོ་མ་ཡིན།
གཞན་གྱི་ལྟ་བ་སྔར་ནས་ད་བར་འཁྱེར་མ་མྱོང་། ང་མི་འདྲ་བ།
ལམ་དེའི་ཐོག་ང་སུ་གཅིག་ལ་སྐྲག་མ་མྱོང་། དེ་རིང་གི་བརྡ།
མ་དགའ་ནས་མ་དོ་བ། ཐབས་ཤེས་མེད་ལས་རེད་ཤ་ཉེ།
མཁས་པ་རེད། རྩ་བ་རེད། སོ་མ་ར་ཙ་དོ་མ་རེད་ཤ་ཉེ།
འདི་ན་ཤོག མིག་གི་ལྟོས།
ཁྱོད་དགོས་རྒྱུ་ངའི་ལག་ན་ཡོད།
རྣ་གི་ཉོན། ང་ལ་སྟོན།
ཆུ་ཚད་མཐོ་ཚད་མཐོ་སྒང་ལ་ཐོན།
སོ་མ་ར་ཙ་རེད་ཁས་མ་ལེན་རང་ལེན་རེད།
ཡོད་ན་མེད་ན་རེད་ཚོགས་པ་འདིའི་མགོ་འཛིན་པ་རེད།
ང་ཚོ་རིའི་རྩེ་ལ་སླེབས་ང་ཚོས་རིའི་སྒང་ནས་བལྟས།
ཁོ་ཚོ་ཁ་ནས་ང་གཅིག་མིན་ན་སུ་ཡིན་བཤད།
སོ་མ་ར་ཙ་ཡོང་དུས། Fake བློ་ཁོག་མེད།
ཁོ་ཚོའི་མིག་ནང་སོ་མ་ར་ཙ་མཐོང་འདོད་མེད།
ཡིན་ནའི་སོ་མ་ར་ཙའི Real ལབ་དུས་ཐབས་ཤེས་མེད།
ང་ཚོ་གི་གཞས། ཨེ་ཨེ་ཨེ་ཨེ་ཨེ་ཨེ།
མུན་ནག་གི་སྐད། མུན་ནག་གི་སྐད།
གནམ་ཐོག་གི་འོད། ཨོ་ཨོ་ཨོ་ཨོ་ཨོ།
སྤྲིན་སྒང་ལ་ཡོད། ང་ཚོ་ལ་ལྟོས།
LhakpaTsering:
ངས་བསྐྱལ་བཞིན་པའི་འཚོ་བ་དེ་འགྱོད་པ་མེད།
ངས་བཤད་མྱོང་བའི་ལྟ་བ་ལ་འདོད་པ་མེད།
ཡ་རབས་དང་སྤྱོད་བཟང་དེ་ཁྱོད་ཚོ་དང་འབྲེལ་བ་མེད།
སྙིང་རྗེ་དང་བྱམས་སེམས་དེ་སྔོན་མ་ནས་གཡུགས།
བསམ་ཚུལ་དང་བྱེད་སྟངས་དེ་མི་སེམས་པ་དཀྲུག
I know I'm sad
སྐྱག་རྫུན་གྱི་སྐད་ཆ། གཡོ་སྒྱུ་ཀྱི་བརྩེ་བ།
They call me liar
They call me liar
དོན་དངོས་དང་རྨི་ལམ་གྱི་ཁྱད་པར་གང་འདྲས།
དགྲ་དང་གྲོགས་སུ་ཡིན་མིན་དབྱེ་བ་གང་འདྲས།
མི་སེམས་པ་དཀྲུགས་བྱས་སྐྱིད་པོ་བྱུང་ངས།
རང་སེམས་པ་བཅུན་ན་ཁག་པོ་འདུག་གས།
གཅིག་བྱས་ན་ངའི་བསམ་བློ་བཏང་ཡག་མང་དྲག
མི་ཚང་མ་འཚོ་བའི་ཆེད་འདྲ་མ་འདྲ་ཆགས།
སྔོན་ཆད་ཀྱི་ལྷག་པ་སེམས་པ་རྣམ་དག
དུས་ད་ཆ་འཚོ་བའི་ཁྲོད་མཉམ་དུ་ཞབས་དག
དུས་དེང་སང་མི་མང་ཆས་ང་ཚོ་དང་ཆ།
ས་ར་དེ་མ་གཡོ་ན་ཁ་ར་བཏགས་ཁྲ།
གནམ་སྟེང་གི་ཉི་མ་དེ་སྤྲིན་ནག་གིས་སྐབས།
སེམས་ནང་གི་མེ་ལྕེ་དེ་འོད་ཟེར་གྱི་འཚབ།
ལམ་འདི་སྒང་སྐྱིད་པོ་བྱས་བསྡད་ངའི་སེམས་ནང་གི་སྡུག་བསྔལ་དེ་ཡལ།
ཆར་ཚུབ་དང་རླུང་འཚུབ་འདི་ཡལ་ཚར་དུས་ངའི་གནམ་སྒང་གི་འཇའ་ཚོན་དེ་འཇལ།
ངའི་གནམ་སྒང་གི་འཇའ་ཚོན་དེ་འཇལ།
ངའི་གནམ་སྒང་གི་འཇའ་ཚོན་དེ་འཇལ།
AKA壁虎:
ཁོ་ཚོ་ཁ་ནང་དཀྲོག་གཏམ་ཁ་རྐྱང་ཅི་རེད།
མ་ཉེས་ཁ་གཡོག་ཁ་རྐྱང་ཅི་རེད།
(FXXX Boys girls)ཁོ་ཚོ་སུ་རེད།
སྤོར་ཁ་ཚུམས་དང་ཁྱོད་སངས་རྒྱས་མ་རེད།
ད་དགོངས་པ་མ་ཚོམ། ང་བསད་ཐུབ་མ་སོང་།
ཁོ་ཚོའི་སེམས་པ་སྐྲག་སོང་།
སྲུང་སྐྱོབ་པ་ད་དུང་སོ་མོ་ར་ཙ།
དེ་རིང་དེ་ནས་བསྡད་པ་ཚང་མ་ངའི་ཨ་ཟླ།
ཕུགས་བསམ་དེ་འཁྱེར་ནས་ལ་དེ་རྒྱབ།
སོ་སོའི་དགའ་བའི་འཚོ་བ་ཡི་ལ་ཞིག་རྒྱབ།
དཀའ་ལས་དང་བཀག་འགོག་གི་ལ་དེ་རྒྱབ།
མུ་མཐུད་ཁོར་ཡུག་འདི་ཡི་ལ་གཅིག་རྒྱབ།
མ་གཞི་བྱས་ན་བཤད་འདོད་རྐང་གཅིག་མི་དྲག
ཁོ་ཚོས་ང་ལ་སྤྲད་པའི་བརྗིད་་ཚད་སང་གཅིག་མི་དྲག
ཚིག་འདི་ཁོ་ཚོའི་ཁ་ཐོག་སོ་འདི་རྐང་གཅིག་མ་ལྷག
ཤོག་ཤོག་མུ་མཐུད་ཡིན་ད། སྐྱིན་གཅིག་མི་དྲག
སྤོར་ཁ་ཚུམས་དང་ཁྱོད་སངས་རྒྱས་མ་རེད།
Nagpang:
Got go
ཤར་རེར་ཤོག
ཆོ་ཟེར་མེད་པའི་གནས་ཚུལ་དེ་ཚོ་ཐལ་རོར་གཏོང་།
མེ་དེ་སྤོར།
རྟ་གཞོན་ཤོར།
སོ་མ་ར་རྩའི་དར་ཆ་བསྒྲེངས་བྱས་གླུ་དེ་གཏོང་།
ཚིག་དགོས་ན་ཚིག
དབྱིངས་དགོས་ན་དབྱིངས།
ང་བརྙས་འོག་ལ་གཏིང་།
ལོ་མང་པོ་སེམས་ནང་གྱི་བཙོན་ལ་འདྲེ་ནང་བཞིན་དེས་བཅིངས།
ཆུའི་ནང་ལ་འདེམ་འགྲོ་གིས་དངངས་སྐྲག་གི་སེམས།
མེའི་ནང་ལ་ཚིག་འགྲོ་གིས་དུ་བོ་དེ་ནམ་མཁའ་ཡི་སྟེངས།
འབར་ཆ་དེ་ཕར་གཡུགས་ཚུར་སྒྲུག་བྱས་རྩེད་མོ་རྩེད།
གྲོགས་པོ་ཚོར་གཞས་མ་གཏམ་ནང་ནས་ལྟད་མོ་རྟེན།
མཚོན་ཆ་དེ་ཕར་གཡུགས་ཚུར་སྒྲུག་བྱས་གཙང་མ་ཕྱེད།
ལྷན་རྒྱས་ལ་ཚིག་ནང་ནས་སྒྲུང་བཤད་སྙན་པོ་ཅིག
དགའ་ན་ལྷ་ཡིན་མ་དགའ་ན་སྒ་ཡིན། གང་ལྟར་ཁྱོད་ངའི་བརླ་འོག་གི་རྟ་ཡིན།
བསྡད་ས་ལྷ་ས་ལྷ་ཡི་ས།
ཕོ་མོ་མ་ནིང་ཚང་མ་ཆ།
ངའི་ལག་པའི་ནང་གི་མདའ།
སྡེར་ས་དེ་ཁོ་གི་ཁ།
SOMARAZA出品
守护者娱乐文化有限公司出品