
师生之谊 久巴嘎 玛西热
作词 : 杂·克久
编曲 : 康索次
དགེ་སློབ་ཀྱི་མཛའ་བརྩེ།
师生之谊
ཚིག་རྩོམ་མཁན། རྫ་ཁུ་བྱུག
作词: 杂·克久
དབྱངས་རྩོམ་མཁན། གཅོད་པ།
作曲: 久巴
གཞས་གཏོང་མཁན། གཅོད་པ། ཀརྨ་ཤེས་རབ།
演唱: 久巴 嘎玛西热
ང་དགའ་ས་ཁྱེད་ཀྱི་སྐད་ངག་ཡིན། །
ང་དུང་ས་ཁྱེད་ཀྱི་ལྷག་བསམ་ཡིན། །
བོད་ཡུལ་ན་གླུ་བ་མང་ན་ཡང་། །
ངའི་སེམས་ཀྱི་གླུ་རྒྱལ་ཁྱེད་རང་ཡིན། །
ངའི་སེམས་ཀྱི་ཁུ་བྱུག་ཁྱེད་རང་ཡིན། །
ངའི་མི་ཚེའི་ལམ་སྟོན་ཁྱེད་རང་ཡིན། །
དགེ་རྒན་ལགས། བཀའ་དྲིན་ཆེ།
དགེ་རྒན་ལགས། བཀའ་དྲིན་ཆེ།
ང་དགའ་ས་ཁྱོད་ཀྱི་གཤིས་ཀ་ཡིན། །
ང་དུང་ས་ཁྱོད་ཀྱི་ཀུན་སྤྱོད་ཡིན། །
བོད་ཡུལ་ན་ན་གཞོན་མང་ན་ཡང་། །
ངའི་སེམས་ཀྱི་རེ་བ་ཁྱོད་རང་ཡིན། །
ངའི་སེམས་ཀྱི་དྲོད་ཁོལ་ཁྱོད་རང་ཡིན། །
ངའི་སེམས་ཀྱི་སློབ་བུ་ཁྱོད་རང་ཡིན། །
སློབ་བུ་ལགས། ཁ་ལས་དགེ།
སློབ་བུ་ལགས། ཁ་ལས་དགེ།
བོད་ཁ་བའི་གླུ་གཞས་སེམས་ཀྱིས་སྐྱོར། །
བོད་ཁ་བའི་གར་སྟེགས་བརྩེ་བས་སྐྱོང་། །
བོད་ཁ་བའི་རིག་གནས་འཛིན་སྐྱོང་བྱེད། །
བོད་ཁ་བའི་ཡུལ་སྲོལ་སྲོག་ལྟར་གཅེས། །
བོད་ཁ་བའི་ཁོར་ཡུག་སྲུང་སྐྱོབ་བྱེད། །
བོད་ཁ་བའི་ངོ་སོ་ཡར་ལ་བསྟོད། །
བོད་པ་ཚོ། རླུང་རྟ་དར།
བོད་པ་ཚོ། རླུང་རྟ་དར།
བོད་ཁ་བའི་ཁོར་ཡུག་སྲུང་སྐྱོབ་བྱེད། །
བོད་ཁ་བའི་ངོ་སོ་ཡར་ལ་བསྟོད། །
བོད་པ་ཚོ། རླུང་རྟ་དར།
བོད་པ་ཚོ། རླུང་རྟ་དར།