
00:00
02:36
苦乐人生 达伟
歌词
相关信息
མི་ཚེའི་དགའ་སྐྱོ།།
苦乐人生
ཚིག་་་ཀརྨ་འོད་ཟེར།
词:噶玛伟色
དབྱངས་་་ཟླ་འོད།
曲:达伟
གཞས་པ་་་ཟླ་འོད།
原唱:达伟
དགའ་སྐྱོ་མི་ཚེའི་ཁྲོད་ནས།
སྐྱིད་སྡུག་འདྲེས་མའི་འཚོ་བ།
ཡིད་མཐུན་སྙིང་གི་རོགས་ལོ།
འབྲལ་དགོས་འབྲལ་དགོས་མ་གསུངས།
----------------------------
སྐྱོ་བའི་མིག་ཆུ་ཁྲོད་ནས།
འུ་གཉིས་གྱེས་བྲལ་འདི་ཉིད།
དབང་ཆེན་ལས་དབང་ཁོང་གིས།
བཀོད་སྒྲིག་སྔ་ནས་བྱས་འདུག།
-----------------------------
དྲན་པས་བཟི་འགྲོ་མ་གསུང།
འབྲལ་བ་འཇིག་རྟེན་ཆོས་ཉིད།
ཐུགས་སེམས་སྐྱོ་བྱུང་མ་གསུང།
ལས་དབང་བཙན་པོའི་བཀའ་རེད།
---------------------------
གྱེས་ཁའི་ལག་བརྡ་མ་མང།
ལུས་སེམས་རྒུད་པའི་རྒྱུ་རེད།
འབྲལ་ཁ་མིག་ཆུ་མ་གཏོང།
སེམམ་པ་སྐྱོ་རོགས་ཡིན་འདུག།