
藏堂-Far away
作词 : 藏堂
作曲 : 德赛次平
Recorded: Yeshi
Mixing by: Yeshi
Mastering:Yeshi
Hook:Chapin
གངས་རི་དང་རྩྭ་ཐང་གི་ཆུ་དེ།
ངའི་སྐྱིད་པའི་ཕ་ས་ཕ་ཡུལ།
ང་གཞན་ཡུལ་ཕྱོགས་ལ་སླེབས་ཀྱང་།
ངའི་བརྩེ་བའི་ཕ་མ་གཉིས་བརྗེད་མེད།
སྐྱིད་པའི་ཕ་ཡུལ། བརྩེ་བའི་ཕ་མ།
ང་ཡི་རྒྱང་རིང་ཕྱོགས་ཀྱི་གཞས་དེ་ཁྱེད་ཀྱི་ཕྱོགས་སུ་ཕུལ།
Verse:Yeshi
ཁ་ལ་མ་ཉན་ཕྱི་ལ་རྒྱུག
ང་ཕྱི་པོ་ག་ཚོད་འཁྱམས་ནས་ཁྱད་ཀྱི་ད་དུང་མུ་མཐུད་སྒུག
ཟས་ཞིམ་པོ་ག་ཚོད་ཡོད་ནའི་དང་པོ་བུ་ངའི་ཁའི་ནང་བླུགས།
ངས་ཁྱེད་ཀྱི་བཀའ་དྲིན་མ་ཤེས་ད་དུང་ཁྱེད་ཀྱི་དགོངས་པ་དཀྲུགས།
དུས་ད་ཆ་བུ་ངའི་མདུན་ལས་ཆེད་དུ་རྒྱུས་མེད་ས་མཐའ་འགྲིམ་དེ་ཕྱིན།
ཕ་མ་གཉིས་སེམས་ཁྲལ་མ་བྱེད་བུ་ང་གང་སྤྱིའི་ཐོག་ལ་བདེ་པོ་ཡིན།
མ་འོངས་པའི་འཚོ་བའི་ནང་ལ་བུ་ང་སྐྱིད་སྡུག་གང་འདྲ་འཕྲད་ཀྱང་།
དྲག་ཆར་དང་རླུང་འཚུབ་ནང་ནས་
རང་ལ་དག་པའི་འཛམ་གླིང་ཞིག་འཚོལ་བསམ།
Verse:Ake B.T
བྱམས་ལྡན་གྱི་ཨ་མ་ཁྱེད་ཀྱིས་
ཆུང་དུས་ནས་བྱམས་བརྩེས་བདག་ལ་གཅེས་སྐྱོང་གནང་ནས།
ཁྱེད་ཀྱི་སྐྲ་ལོ་དེ་ཡང་དཀར་སོང་།
ཉིན་ཚན་གྲངས་མེད་ངང་
ངའི་ཆེད་དུ་སེམས་ཁོར་དང་དཀའ་སྡུག་ཚད་མེད་མྱོང་སོང་།
ངོ་མ། བཀའ་དྲིན་ཆེ་ཨ་མ་ལགས།
བྱམས་བརྩེ་ནི་ནམ་ཡང་ཉི་མ་ལྟར་ཤར་ནས་
དྲོ་སྐྱིད་སྟེར་མཁན་ཁྱེད་ཀྱི་དྲིན་ཡིན། བརྗེད་མེད།
རེ་བ་བརླག་མེད། དུང་བ་ཐོར་མེད།
སྐྱེ་བ་འདི་ནས་ངས་ཁྱེད་ཀྱི་དྲིན་ལན་འཇལ་རྒྱུ་
དམར་ཆུང་སེམས་ལ་དམ་བཅའ་བཞག་ཡོད།
རྡོ་རྗེ་བྲག་ལ་རི་མོ་རྐོས་ཡོད།
Hook:Chapin
གངས་རི་དང་རྩྭ་ཐང་གི་ཆུ་དེ།
ངའི་སྐྱིད་པའི་ཕ་ས་ཕ་ཡུལ།
ང་གཞན་ཡུལ་ཕྱོགས་ལ་སླེབས་ཀྱང་།
ངའི་བརྩེ་བའི་ཕ་མ་གཉིས་བརྗེད་མེད།
སྐྱིད་པའི་ཕ་ཡུལ། བརྩེ་བའི་ཕ་མ།
ང་ཡི་རྒྱང་རིང་ཕྱོགས་ཀྱི་གཞས་དེ་ཁྱེད་ཀྱི་ཕྱོགས་སུ་ཕུལ།
Verse:Gyange
སེམས་གཏིང་ནས་བྲིས་པའི་གཞས་དེ་ང་ཡིས་ཁྱེད་ལ་ལེན།
ངས་གཞས་དེ་བྲིས། གཞས་ཀྱི་ནང་དོན་ཁྱེད།
སྐྱིད་པའི་ཕ་ཡུལ་དྲན། དྲན་པའི་གླུ་འདི་ལེན།
སྟོད་གངས་རི་བསྐོར་སྨད་རྩྭ་ཐང་ཐོག
ང་ཡུལ་འདིར་འཁྱམས་ནས་འགྲོ་འདོད་ཡོད།
ཁ་བའི་ལྗོངས་འདིར་སྐྱེལ་འདོད་ཡོད།
ཕ་ས་བུ་རྒྱུད་འདི་ནས་ཡིན།
འཚོ་བ་སྐྱེལ་ས་འདི་ནས་ཡིན།
རྟ་ནོར་ལུག་གསུམ་འཚོས་ནས་ཡོང་།
འབྲི་ཞོ་འོ་མ་འཐུང་ནས་ཡོང་།
Verse:Dirty flow
ལྷ་ས་གྲོང་ཁྱེར་མཛེས་པོ་ཡོད་པ་འཛམ་བུ་གླིང་གི་ལྟ་ཚུལ།
གཞན་ཡུལ་གྱི་ཇ་ལས་རང་ཡུལ་གྱི་ཆུ་ཞིམ།
མཛེས་སྡུག་ལྡན་པའི་ཉི་འོད་གྲོང་ཁྱེར་འདི་ངའི་ཁྱིམ།
བོད་ཐུག་དང་ཇ་མངར་མོ། ཤ་འབྲས་དང་ཟླ་འབྲས།
ཟས་རིགས་ཀྱི་བྲོ་བ་ཆེན་པོ་རྣ་བ་སྐྱིད་པའི་དམངས་གཞས།
ལྷ་ས་གྲོང་ཁྱེར་ཁྱབ་པའི་གཞས་མ་གཏམ་གྱི་གཏམ་བཤད།
བུ་དཀྱུས་མ་ང་ཚོའི་ལེགས་འགྲུབ་བྲོ་བ་མྱོང་བསྡད།
Hook:Chapin
གངས་རི་དང་རྩྭ་ཐང་གི་ཆུ་དེ།
ངའི་སྐྱིད་པའི་ཕ་ས་ཕ་ཡུལ།
ང་གཞན་ཡུལ་ཕྱོགས་ལ་སླེབས་ཀྱང་།
ངའི་བརྩེ་བའི་ཕ་མ་གཉིས་བརྗེད་མེད།
སྐྱིད་པའི་ཕ་ཡུལ། བརྩེ་བའི་ཕ་མ།
ང་ཡི་རྒྱང་རིང་ཕྱོགས་ཀྱི་གཞས་དེ་ཁྱེད་ཀྱི་ཕྱོགས་སུ་ཕུལ།