
缘分的姑娘-郎卡巴邓
ལས་དབང་གི་བུ་མོ་
གཞས་ཚིག ཆུ་ཟླ།
དབྱངས། གཡུང་དྲུང་ཀུན་གྲགས།
གླུ་བ། ནམ་མཁའ་དཔལ་ལྡན།
ཡིག་སྒྱུར་བ། དབལ་ཁྱུང་བསོད་ནམས།
ཁ་བའི་ལྗོངས་ནས་འཕྲད་པའི་བུ་མོ་ཁྱེད། །
གཞོན་པའི་སྣང་བ་ཁུར་བའི་འཛུམ་ཡག་རེད། །
ཁྱེད་ནི་བུ་ཆུང་ང་ཡིས་སེམས་ནང་ཡོད། །
སེམས་ཀྱི་སྐད་ཆ་བཤད་ས་ཁྱེད་རང་ཡིན། །
ཧོ་་་་་ཡ་རེ་ཡ་རེ་ལོ་
ཁྱེད་ནི་བུ་ཆུང་ང་ཡིས་སེམས་ནང་ཡོད། །
སེམས་ཀྱི་སྐད་ཆ་བཤད་ས་ཁྱེད་རང་ཡིན། །
དགའ་བའི་འཛུམ་བརྒྱ་གྲོལ་བའི་སྙིང་སྡུག་ཁྱེད། །
བུ་ངའི་བརྩེ་དུང་སྐྱོང་ས་ཁྱེད་རང་ཡིན། །
ཁྱེད་དང་འུ་གཉིས་འཕྲད་པ་ལས་དབང་རེད། །
འུ་གཉིས་མི་ཚེ་མཉམ་འགྲོ་མཉམ་འདུག་རེད། །
ཧོ་་་་་ཡ་རེ་ཡ་རེ་ལོ་
ཁྱེད་དང་འུ་གཉིས་འཕྲད་པ་ལས་དབང་རེད། །
འུ་གཉིས་མི་ཚེ་མཉམ་འགྲོ་མཉམ་འདུག་རེད། །
བརྩེ་བ་མཚོ་ལས་ཟབ་པའི་དགའ་ལོ་མ། །
བུ་ངའི་བློ་སེམས་གཏད་ས་ཁྱེད་རང་ཡིན། །
ཡ་ཆུང་སེམས་ནང་ཡོད་པའི་མཛེས་མ་ཁྱེད། །
བརྩེ་བའི་གླུ་ཆུང་ལེན་ས་ཁྱེད་རང་ཡིན། །
ཧོ་་་་་ཡ་རེ་ཡ་རེ་ལོ་
ཡ་ཆུང་སེམས་ནང་ཡོད་པའི་མཛེས་མ་ཁྱེད། །