
梦里梦外
编曲 : 仁增太
རྨི་ལམ་གཅིག་གི་ཕྱི་ནང་།
གཞས་ཚིག གཅན་རུ་མཚེར།
གཞས་གདངས། འཇམ་དབྱངས་བསྟན་འཛིན།
སྒྲ་སྙན། རིག་འཛིན་ཐར།
གཞས་པ། རིག་འཛིན་ཐར། མཚོ་བྱུང་།
སྤྲིན་ལ་བསྐུར་བའི་གཞས་ཆུང་།
མཚོ་ཆུང་ནང་ལ་འཁོར་ཡོང་།
ཞེ་ལ་ཐོགས་པའི་བྱམས་པ།
རྨི་ལམ་ནང་ནས་མཇལ་ཡོང་།
མཇལ་འཛོམས་བྱུང་བའི་དུས་ལ།
སྙིང་གཏམ་རུམ་གང་འཁྱིལ་ཡོད།
ཆུ་མོའི་ཤག་སྒྲར་ཉན་ན། ཡེ། ཨ་ལ།
གསང་བའི་འདབ་བརྒྱ་གྲོལ་ཡོང་། ཡེ།
ཚུར་ལ་སྤྱན་གྱིས་གཟིགས་དང་།
སེམས་ཀྱི་ཁ་བ་ཞུ་འགྲོ།
བརྩེ་བའི་མདུད་ཐག་རིང་མོ།
དྲན་པའི་རྒྱང་ལ་འཐེན་ཡོད། ཨ་ལ།
རི་རྩེ་གངས་ལ་འཐིམས་ཡོད།
ཞབས་རྗེས་གངས་ལ་དཔར་ཡོད།
མི་འགྱུར་དམ་ཚིག་རི་ མོ། ཡེ།
རྡོ་རྗེ་བྲག་ལ་བརྐོས་ཡོད།
གཡུ་སྦྲང་གཞོན་ནུའི་གཤོག་འགྱུར།
འཕྲིན་གྱི་བདེན་ཚིག་སྲུང་ཡོད།
ཞལ་འཛུམ་དགའ་བའི་མེ་ཏོག
ས་གཞིའི་པང་ལ་བབས་བྱུང་།
ཟུར་མིག་རྒྱང་ལ་མ་འཕེན།
མིག་ཟུང་མཆི་མས་བརླན་འགྲོ།
ཚེ་རབས་ལས་ཀྱི་དྲན་ཤིང་།
བསྐལ་བའི་ཚེ་ནོམ་ཡིན་སོང་།