
ARGUE
作词 : 藏堂
(混音)Mixing by:Yeshi
(母带)Mastering:Yeshi
HOOK:Gyange
I don't know why you hate me
ང་གཉིས་བར་གྱི་འཁོན་འཛིན་ག་རེ་རེད།
ངས་འཇོན་གི་མ་རེད་ཟེར་དཀྲོག་གཏམ་བཤད།
ཡིན་ནའི་རང་གོམ་པ་རྒྱབ་པ་མཐོང་མྱོང་མེད།
I do myself.on my way
རང་སུ་ཡིན་བསམ་བྱུང་། get out way
ངའི་དུས་ཚོད་རིན་ཐང་ཆེ་དྲགས་བྱས།
ཁོ་ཚོའི་བསམ་འཆར་ཉན་པའི་དུས་ཚོད་མེད།
Verse:Yeshi
ངའི་རྒྱབ་ལ་ཁོ་ཚོའི་རྒྱབ་བཤད་གང་རྒྱབ་ཉན་འདོད་མེད།
མུ་མཐུད་ང་ལ་བརྩི་བཀུར་ཡང་ན་ཏིང་གནས་འཛིན་ནས་ཁྱད་གལ་མེད།
ཡིན་གཅིག་ངའི་སྐྱོན་བཙལ་བ་ཡོད་ན་
རང་གཤིས་ཚ་བས་གཤིས་ཀ་ཡིན།
ལྟད་མོ་ནང་བཞིན་འཚོ་བ་སྐྱལ་ནས་ཁོ་ཚོ་ནང་བཞིན་སྤྲལ་ལས་མེད།
རང་ག་ས་ག་ལ་དཀྲུག་ཤིང་བརྒྱབ་དོན་ག་རེ་རེད།
ཤེས་ཚད་ཚང་མ་གཞན་གྱི་སྐྱོན་དང་
རང་གི་སྡུག་བསྔལ་རྫོགས་ཡག་མེད་པ་ག་རེ་རེད།
ང་དབུལ་པོ་ཕྱུག་པོ་གང་འདྲ་ཡིན་ནའི་ང་རའི་འཚོ་བ་ང་རས་སྐྱལ།
ང་དགེ་སྐྱོན་ཕམ་ཉེས་ག་རེ་བྱུང་ནས་ཁོ་ཚོ་ངའི་ཚབ་བྱེད་ཐབས་བྲལ།
དུས་ད་ཆ་ང་ལས་ཁང་སྟོང་ནང་ལ་སྐད་ཅོར་བརྒྱབ་ནས་བསྡད་རྩིས་མེད།
ལེགས་གྲུབ་ཅན་གྱི་མི་ལ་བལྟས་རྗེས་ཡིད་སྨོན་སྐྱེས་བྱས་བསྡད་འདོད་མེད།
ག་གའི་མེད་པའི་འཚོ་བའི་ང་ལ་གཞན་ལ་མེད་པའི་བློ་ཁོག་སྤྲད།
ངས་ཉེན་ཁ་ཆེ་བའི་ལམ་དེའི་ཐོག་ལ་འགྱོད་པ་མེད་པའི་ལས་ཀ་བྱས།
HOOK:Gyange
I do myself.on my way
རང་སུ་ཡིན་བསམ་བྱུང་། get out way
ངའི་དུས་ཚོད་རིན་ཐང་ཆེ་དྲགས་བྱས།
ཁོ་ཚོའི་བསམ་འཆར་ཉན་པའི་དུས་ཚོད་མེད།
Verse:Baboy珠扎
ལམ་དེའི་ཐོག་དཀའ་ལས་ག་ཚོད།
དངར་མོ་སྐྱུར་མོའི་བྲོ་བ་ག་ཚོད།
མི་ཚེའི་གི་ལམ་བུ་བཞི་མདོ་ཁ་ལ་སླེབས་དུས་གདམ་ག་ཚོད།
ཁ་ཤས་ངའི་རྒྱབ་ལ་འཕྱ་དམོད།
ཁ་ཤས་ངའི་འཚོ་བ་ལ་ཡིད་སྨོན།
ང་བསྟན་འཛིན་འབྲུག་གྲགས་ཁྱོད་ཚོ་དང་ཆ་མིན།
དཀའ་ངལ་འཕྲད་དུས་ངུ་བྱས་བསྡད་མེད།
མ་ཤེས་ཤེས་མདོག་མ་ཡིན་ཡིན་མདོག་མ་འཇོན་འཇོན་མདོག་བྱེད་མྱོང་མེད།
ཁོ་ཚོས་ང་རྒྱུས་མི་སྣའི་རྒྱུ་ཡིན་མདོག་གི་སྐད་ཆ་བཤད།
ངས་འབད་བརྩོན་གྱི་འགྱུར་ལྡོག་ཁོ་ཚོའི་སེམས་ནང་ལ་དོགས་པ་སྤྲད།
མ་འདོད་མ་དགའ་ག་ཚོད་ཡོད་ནའི།
ཁ་ནས་དགོངས་དག་བཤད་རྩིས་མེད།
ང་ནམ་མཁའི་སྟེང་གི་འཇའ།
རང་བསམ་བློའི་ནང་གི་དགྲ
ངའི་ཟུར་ལ་མ་སླེབས་ལས་ཀྱི་མཐའ།
ངས་ལོ་རྒྱུས་ཉན་ན་སྒྲུང་རེད།
ངའི་འཚོ་བ་ཁྱོས་ཚོས་བསྐྱལ་ན་སྨྱོ་གི་རེད།
བྱས་ཙང་ཨུ་ཚུགས་མ་རྒྱབ་བཙུགས་གིན་སྡོད།
རྣམ་འགྱུར་འཁྱེར་བྱས་སོ་སོས་འཚོ་བ་སོ་སོས་སྐྱོལ།
HOOK:Gyange
I don't know why you hate me
ང་གཉིས་བར་གྱི་འཁོན་འཛིན་ག་རེ་རེད།
ངས་འཇོན་གི་མ་རེད་ཟེར་དཀྲོག་གཏམ་བཤད།
ཡིན་ནའི་རང་གོམ་པ་རྒྱབ་པ་མཐོང་མྱོང་མེད།
I do myself.on my way
རང་སུ་ཡིན་བསམ་བྱུང་། get out way
ངའི་དུས་ཚོད་རིན་ཐང་ཆེ་དྲགས་བྱས།
ཁོ་ཚོའི་བསམ་འཆར་ཉན་པའི་དུས་ཚོད་མེད།
Verse:Yeshi
ངས་རྙིང་པ་ཚང་མ་གསར་པ་བཟོས།
རྩ་བརྒྱབ་པ་ཚང་མ་གཙང་མ་བཟོས།
གྲང་མོ་ཚང་མ་ཚ་པོ་བཟོས།
རང་རྒྱབ་ལ་ལངས་བྱས་གསལ་པོ་ལྟོས།
འཇོན་དང་མ་འཇོན་སྐད་ཆ་འདྲིས་ན་དྲི་བ་དེ་ཚོ་དྲིས་ལན་མེད།
ངས་དགའ་སྐྱོ་གཉིས་ལྡན་འཚོ་བ་དེ་ལ་གཞན་ལ་ཇུས་གཏོགས་འཕྲད་ཀྱི་མེད།
ཆོ་མེད་སྐད་ཆ་ཉན་རྒྱུར་དགའ་ན་ཀླད་པ་མེད་པའི་རྟགས་ཡིན།
བྱས་ཙང་ལམ་དེའི་ཐོག་གི་ཡུལ་ལྗོངས་བལྟ་བཞིན་ཕྱིར་འཐེན་མེད་པར་ཐོན་ཕྱིན།
རང་སྔོན་མོའི་སྒྲུང་དང་སྐྱོན་རྐྱང་བཤད་བྱས་གོན་པ་རང་སར་སྤོས་བྱས་བསྡད།
སྐྱོན་མེད་མི་དང་གཟེར་མེད་ཤིང་དེ་ཁོ་རུ་མ་གཞི་མེད་པར་བཤད།
འཚོ་བའི་གནས་སྟངས་གང་འདྲ་ཞིག་ལ་ང་ཚོ་དགོས་པའི་བདེ་སྐྱིད།
རྒྱུ་དང་དབང་དང་གང་ཡང་མེད་ན་གཞན་གྱིས་མཐོང་ཆུང་བྱེད་སྲིད།
ས་རུབ་མུན་ནག་ཡོང་པ་ང་ཚོའི་བཀག་འགོག་བྱེད་ཐུ་མེད་ན་ཡང་།
སྐར་ཚོགས་འོག་ཏུ་མགོ་བོ་བཀྱགས་བྱས་འགྲོ་དང་མ་འགྲོ་སོ་སོ་རེད།
HOOK:Gyange
I don't know why you hate me
ང་གཉིས་བར་གྱི་འཁོན་འཛིན་ག་རེ་རེད།
ངས་འཇོན་གི་མ་རེད་ཟེར་དཀྲོག་གཏམ་བཤད།
ཡིན་ནའི་རང་གོམ་པ་རྒྱབ་པ་མཐོང་མྱོང་མེད།
I do myself.on my way
རང་སུ་ཡིན་བསམ་བྱུང་། get out way
ངའི་དུས་ཚོད་རིན་ཐང་ཆེ་དྲགས་བྱས།
ཁོ་ཚོའི་བསམ་འཆར་ཉན་པའི་དུས་ཚོད་མེད།