
00:00
02:37
扎西多杰vs贡桑旺姆
歌词
相关信息
རྟེན་འབྲེལ་ཚིག་གི་ཤན་མ།
贺词的服饰
གཞས་ཚིག་ཁྱུང་སྨྱུག་གསར་གྱིས་བྲིས།
歌词: 琼初稿
གཞས་དབྱངས་བཀྲ་ཤིས་རྡོ་རྗེས་བརྩམས།
歌曲: 扎西多杰
གཞས་པ་བཀྲ་ཤིས་རྡོ་རྗེ་དང་ཀུན་བཟང་དབང་མོ།
歌手:扎西多杰vs贡桑旺姆
གཟིམ་ཆུང་ལྷ་ཁང་ནང་དུ།།
ཉི་ཟླའི་གཟི་བྱིན་ཕོག་ཡོད།།
བྱིན་རླབས་དེ་ན་ཡོད་རེད།།
ལོ་གསར་བཟང་།
ཕ་མ་ཉི་ཟླ་གཉིས་འཛོམས།།
སྐུ་ཚེ་བདེ་ལེར་བཞུགས་རོགས།།
ནོར་བུའི་མཛོད་ཀྱི་སྒོར་མོར།།
གསེར་གྱི་པ་ཏྲ་དོད་ཡོད།།
རིན་ཐང་དེ་ན་ཡོད་རེད།།
ལོ་གསར་བཟང་།
ཕུ་ནུ་སྟག་སེང་ཁྱུང་འབྲུག།
མཛའ་བརྩེ་ཆུ་ལས་རིང་རོགས།།
གྲུམ་རྩེ་བྱ་འབྲུག་ཁ་སྤྲོད།།
ནས་ཀྱི་གཡུང་དྲུང་དོད་ཡོད།།
མདུན་ལམ་དེ་ན་ཡོད་རེད།།
ལོ་གསར་བཟང་།།
བུ་མོ་ཚེ་རིང་མཚོ་མོ།།
མི་ཚེ་སྐྱིད་ལ་འཁོར་རོགས།།
སྨོན་འདུན་ཚིག་གི་ཤན་མ།།
སྙན་མོའི་གླུ་རུ་བླངས་ཡོད།།
ལས་སྨོན་དེ་ན་ཡོད་རེད།།
ལོ་གསར་བཟང་།
ལྷག་བསམ་གཙང་མའི་རེ་འདུན།།
གཞས་ཆུང་ནང་ནས་འགྲུབ་རོགས།།