
妙赞三身
作词 : 晋美卓彭
作曲 : 民间/将
编曲 : 谢尔巴
སྐུ་གསུམ་རྒྱན་བསྟོད།
ཚིག མཁན་འཇིགས་མེད་འགྲོ་ཕན།
དབྱངས། དམངས་ཁྲོད།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
དབྱངས་འགྱུར་བཅོས། ཇེང་།
རོལ་མོ་སྒྲིག་བཟོ། ཤེར་བྷ།
པི་ཝང། བསོད་ནམས་ཕུན་ཚོགས།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཤེར་བྷ།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
ཡིག་སྒྱུར་པ། སྒྲོ་ཨ་རུ།
ཚེ་རིང་ལ་སོ། ངོ་བོ་ཆོས་སྐུའི་བླ་མ། །
ཁམས་བླ་ནམ་མཁའ་རྒྱ་མཚོ། ། ཚེ་རིང་ལ་སོ།
ཚེ་རིང་ལ་སོ། དགོངས་པའི་རང་ཞལ་མཇལ་ནས། །
རྟོགས་པའི་ཕ་ཕོགས་འགྱེད་ཤོག ། ཚེ་རིང་ལ་སོ།
ཚེ་རིང་ལ་སོ། རང་བཞིན་ལོངས་སྐུའི་བླ་མ། །
གྲུབ་དབང་པདྨ་དབང་ཆེན། ། ཚེ་རིང་ལ་སོ།
ཚེ་རིང་ལ་སོ། བྱིན་རླབས་སྤྲིན་ཕུང་འཁྲིགས་ནས། །
དངོས་གྲུབ་ཆར་རྒྱུན་སྙིལ་ཤོག ། ཚེ་རིང་ལ་སོ།
ཚེ་རིང་ལ་སོ། ཐུགས་རྗེ་སྤྲུལ་སྐུའི་བླ་མ། །
འོད་གསལ་རོལ་བའི་བློ་གྲོས། ། ཚེ་རིང་ལ་སོ།
ཚེ་རིང་ལ་སོ། སྐུ་ཚེ་བསྐལ་བརྒྱར་བརྟན་ནས། །
འགྲོ་དོན་མཐའ་རུ་རྒྱས་ཤོག ། ཚེ་རིང་ལ་སོ།