
迷人之恋
作词 : 岗尖土登扎西
作曲 : 落桑华丹
ལང་ཚོ་མཛེས་པའི་སྨན་ཤར་ལགས།
ཁྱོའི་སེམས་ན་ག་རེ་ཡོད།
ཁྲ་ཆུང་མིག་གིས་ལྟ་ཕྱོགས་ཏེ།
བལྟས་ཚོད་ཀྱིས་སྙིང་རྗེ་མོ་ལ།
འཇོ་སྒེག་ལྡན་པའི་སྨན་ཆུང་ལགས།
ཁྱོའི་ཕ་རྒྱུད་ག་ནས་ཡིན།
མི་གཤིས་ཡག་པོ་ཆགས་སྟངས་ཏེ།
གོ་ཚོད་ཀྱིས་ཡ་མཚར་པོ་ལ།
རང་ཅག་གི་བུ་མོ་མཛེས་མ་ལ།
ངའི་སེམས་པ་ཁྱེད་ལ་ཤོར།
གངས་ཅན་བོད་ཀྱི་མཛེས་ལྡན་མ།
ཁྱོད་ཅི་འདྲའི་མཛེས་པ་ལ།
རང་ཅག་གི་བུ་མོ་མཛེས་མ་ལ།
ངའི་སེམས་པ་ཁྱེད་ལ་ཤོར།
གངས་ཅན་བོད་ཀྱི་མཛེས་ལྡན་མ།
ཁྱོད་ཅི་འདྲའི་མཛེས་པ་ལ།
གཞུང་རྒྱུད་དྲང་བའི་སྨན་ཤར་ལགས།
ཁྱོའི་ཁྲེལ་གཞུང་ག་འདྲ་ཡིན།
དཀར་འཇམ་ལུས་ཀྱི་འཇམ་ཤ་དེ།
རེག་ཚོད་ཀྱིས་ཤ་ཚ་མོ་ལ།
ངག་སྒོ་འཇམ་པའི་སྨན་ཤར་ལགས།
ཁྱོད་ཕྱི་ཐག་ག་འདྲ་ཡོད།
ཚིག་འཇམ་ངག་གི་དྭངས་ཤ་དེ།
མཉན་ཚོད་ཀྱིས་བཟི་ཁ་པོ་ལ།
རང་རིགས་ཀྱི་བུ་མོ་མཛངས་མ་ལ།
ངའི་དམ་ཚིག་ཁྱེད་ལ་ཤོར།
ཁ་བ་ཅན་གྱི་བརྩེ་ལྡན་མ།
ཁྱོད་ཅི་འདྲའི་མཛེས་པ་ལ།
རང་རིགས་ཀྱི་བུ་མོ་མཛངས་མ་ལ།
ངའི་དམ་ཚིག་ཁྱེད་ལ་ཤོར།
ཁ་བ་ཅན་གྱི་བརྩེ་ལྡན་མ།
ཁྱོད་ཅི་འདྲའི་མཛེས་པ་ལ།