
刚珠多吉(祝福)
作词 : 康索次
作曲 : 康索次
编曲 : 康索次
གངས་ཕྲུག་གི་རེ་སྨོན།
祝 福
ཚིག གངས་ཕྲུག་རྡོ་རྗེ།
词: 刚珠多吉
དབྱངས། གྲོགས་དཀར་པོ།
曲: 白雪朋友
གཞས་པ། གངས་ཕྲུག་རྡོ་རྗེ།
演 唱: 刚珠多吉
一一一一一一一一一
སྟོད་ན་མངའ་རིས་ཡུལ་གྱི་སྤུན་ཟླ་ཚོ།།
ང་ལ་ཕ་ཡུལ་གང་ཡིན་མ་འདྲི་རོགས།།
རབ་དཀར་གངས་ཀྱིས་བསྐོར་བའི་ཡུལ་ལྗོངས་འདི།།
གངས་ཕྲུག་ང་ཡི་ཕ་ས་ཕ་ཡུལ་ཡིན།།
一一一一一一一一一一一一
བར་ན་དབུས་གཙང་ཡུལ་གྱི་ཆོས་གྲོགས་ཚོ།།
ང་ལ་གྲུབ་མཐའ་ཅི་ཡིན་མ་འདྲི་རོགས།།
ལྟ་བ་རྟེན་འབྱུང་འཚེ་མེད་ལམ་བཟང་འདི།།
འདི་དང་ཕྱི་མའི་བར་གྱི་རྟེན་ས་ཡིན།།
一一一一一一一一一一一一
སྨད་ན་མདོ་ཁམས་སྒང་དྲུག་སྤུན་ཟླ་ཚོ།།
ང་ལ་གླུ་དབྱངས་ཅི་ལེན་མ་འདྲི་རོགས།།
ཕ་སྐད་མ་ཡིག་དབྱངས་རྟ་སྙན་མོ་འདི།།
གངས་ཕྲུག་ང་ཡི་གླུ་ཡི་མཆོད་པ་ཡིན།།
一一一一一一一一一一一一
ཆོལ་གསུམ་ཁ་བ་ཅན་གྱི་སྤུན་ཟླ་ཚོ།།
ང་ལ་ཕུགས་འདུན་ཅི་ཡིན་མ་འདྲི་རོགས།།
འཛམ་གླིང་ཞི་བདེ་ཡོང་བའི་རེ་སྨོན་འདི།།
གངས་ཕྲུག་ང་ཡི་རེ་བའི་ཕུགས་བསམ་ཡིན།།
一一一一一一一一一一一一