三智才让歌曲封面
00:00
03:17
🔊

日月同辉

专辑
音露
发行日期
2022-10-13
流派
暂无
时长
03:17
播放次数
2,356,789
收藏人数
156,432
歌词
相关信息

作词 : 玛

作曲 : 才让东珠

ཉི་ཟླའི་དཀྱིལ་འཁོར།

ཚིག    སྨྲ །

གདངས། ཚེ་རིང་དོན་འགྲུབ།

ལེན་མཁན། མགར་བསམ་འགྲུབ་ཚེ་རིང་།

1.

སུ་ཡི་ནང་གི་མིག་ཆུ་ངའི་སྙི་ས་རུ་ཐིམ་སོང་།

གང་གི་ཁོག་གི་སྐྱོ་གླུ་ངའི་ཟབ་ས་ནས་གྲག་བྱུང་།

ཁྱོད་ཀྱི་སྲུང་འཛིན་སྒེར་དབང་གི་བསམ་བློས།

འདབ་ཆགས་དཔུང་སྡང་འཐོར་སོང་།

གཤོག་སྣེ་རྡུལ་གྱིས་གཙེས་བྱུང་།

ཨ།  ས་གཞིའི་རང་དབང་།

ཨ།  རི་ཆུའི་རང་སྒྲ།

འདང་རྒྱག་གཞན་ཞིག་ག་ལེར་ག་ལེར་སླེབས་དུས།

ཁྱོད་ནི་སུའི་རྟེན་འབྱུང་ཁྲོད་འབྲལ་ཐབས་མེད་པའི་མཚར་ལོངས་ཀྱི་སྐྱོར་མ་ཡིན།

ཨོ།   གོ་ལའི་ལང་ཚོ།

ཨོ།   མེ་ལོང་སྔོན་པོ།

ང་ཡི་ཡུམ་དང་འདྲ་བའི།

ཡུམ་གྱི་སྲོག་ལ་བརྒྱུས་པའི་སེམས་ཀྱི་ས་སྒང་སྲུང་ན་འདོད།

2.

སུ་ཞིག་ཕམ་པའི་རྨི་ལམ་ངའི་མིག་ལམ་དུ་ཤར་ཡོང་།

གང་ཞིག་ཚར་བའི་རྫོགས་ཚིག་ངའི་བྲང་ཁ་རུ་སྙེས་བྱུང་།

ཁྱོད་ཀྱི་སྤྱི་ལྡོག་གཏོར་བཤིག་གི་བསམ་བློས།

གཙང་བོའི་མགྲིན་སྒོ་བཀག་བྱུང་།

དཔྱིད་ཀའི་ལྗང་ཐིག་བོར་སོང་།

ཨ། ཆུ་ཡི་ཚེ་སྲོག

ཨ།  རླུང་གི་རྒྱང་གླུ།

ཆགས་འཇིག་གཞན་ཞིག་ཝ་ལེར་ཝ་ལེར་དྲན་དུས།

ཁྱོད་ནི་སུའི་མཐར་ཐུག་གི་ས་བོན་འདེབས་སའི་རིག་གནས་ཀྱི་མངའ་ཐང་ཡིན།

ཨོ།  མིག་ཆུའི་ཅ་ནེ།

ཨོ།  སྲོག་གི་ཟམ་པ།

ང་ཡི་ཟུང་ཁྲག་ལྟ་བུའི།

ཁྲག་རྩའི་རྒྱུན་ལ་འདྲེས་པའི་གཙང་བོའི་རྣམ་ཤེས་སྲུང་ན་འདོད།

གཙང་བོའི་རྣམ་ཤེས་སྲུང་ན་འདོད།

历史记录

!
提示
播放失败哦,因为我没有版权😂哈哈哈。