
Lost my only one
(混音)Mixing by:Yeshi
(母带)Mastering:Yeshi
Verse:Gyange
ཐ་མག་གཅིག་མེ་གཅིག་མེ་སྦར།
སེམས་དེ་ཡང་ཁྱེད་ལ་ཆགས།
ཉལ་པའི་གཉིད་མེད་སེམས་སྡུག་གིས་སྦི་རག་བཏུང་བསྡད།
ཞོགས་པ་ལངས་འདོད་མེད་མིག་མདུན་ནས་ཁྱེད་རང་འཁོར་བསྡད།
ཁྱེད་ངའི་འཁྲིས་ལ་མེད། སེམས་དེ་ཡང་ངའི་ཙ་མེད།
རང་གི་ང་གཉིས་བར་ལ་ག་གའི་མེད་ཟེར་བཤད།
ཚོར་སྣང་མེད། བརྩེ་བ་མེད།
སྔོན་ཆད་ཀྱི་བརྩེ་དུང་འདི་ནོར་འཁྲུལ་རེད་ཟེར་བཤད།
རང་གི་བདེ་སྐྱིད་ཀྱི་འཚོ་བ་དེ་སུན་པོ་མ་བཟོ་རོགས་ཟེར།
ཧ་ལམ་མ་སོང་ན་ངས་རང་ལ་ཨུ་ཚུགས་རྒྱབ་བྱས་ང་དང་མཉམ་དུ་བསྡད་དགོས་ཡོད་ཟེར།
རང་གི་བཤད་པའི་སྙིང་གཏམ་ངས་བཅངས་པའི་བརྩེ་སེམས།
ད་ཆ་ཡིད་སྐྱོ་བའི་མིག་ཆུ་རྣམས་མཇུག་སྒྲིལ་དགོས་པའི་རྒྱུ་མཚན།
ངས་དགོང་དག་གཞས་བླུགས་བསྡད་དུས་བུ་གཞན་པའི་རང་འཚལ་གྱི་ཡོད་འགྲོ།
དངུལ་མེད་པའི་བརྩེ་དུང་ཕལ་ཆེར་གཅིག་བྱས་ན་འདུག་སེ་ཡིན་འགྲོ།
མི་གཉིས་ས་ཆ་གཅིག་ལ་མེད་དུས་སེམས་ནང་ལ་དྲི་བ་དང་དྲི་ལན་གྱི་ཁེངས།
སྔོན་ཆད་ཀྱི་ཐམས་ཅད་མེད་པར་འགྱུར་པ་སུ་ཡིན་བསམ་བློ་བཏང་།
སྔོན་ཆད་ཀྱི་ཁྱེད། སེམས་ནང་གི་ཁྱེད།
ང་གཉིས་ལས་ལ་མ་བསྐོས་ཁ་བྲལ་དགོས་བྱེད།
HOOK: Yeshi/Gyange
ཚེ་འདིར་ང་གཉིས་ཐུག་པ་སྔོན་གྱི་ལས་རེད་ཟེར།
ཐ་མ་ང་གཉིས་བྲལ་བ་རྒྱུ་མཚན་གང་ཡིན་ནམ།
ད་ཆ་བཤད་མ་ཐུབ་པའི་སེམས་པའི་སྡུག་བསྔལ་དེ།
སྐྱོ་བའི་དབྱངས་ལ་འགྱུར་ནས་བྲིས་པའི Melody
ངས་ཁྱེད་རང་སྒུག་ནས་བསྡད།
སེམས་ནང་ལ་ཁྱེད་རང་ལས་མེད།
ངས་ཁྱེད་རང་དྲན་ནས་བསྡད།
སེམས་ནང་གི་གསང་བ་ཆགས་བསྡད།
དུས་ཚོད་མང་པོ་ཕྱིན། ངའི་མིག་ནང་གི་མིག་ཆུ་དེ།
དུས་ཚོད་མང་པོ་ཕྱིན། ངའི་སེམས་ནང་གི་ན་ཟུག་དེ།
Verse:Yeshi
ངེད་གཉིས་ཀྱི་སྒྲུང་གང་ནས་འགོ་བཙུགས་ནས་བཤད།
འཁྱམས་པོ་ངས་ལྷད་མེད་བརྩེ་དུང་ཐེ་ཚོམ་མེད་པར་ཁྱེད་ལ་སྤྲད།
ཉོན་དང་ནོར་བུ་ངས་རང་ལ་བརྩི་གི་ཡོད་ཙང་།
སྒོམ་ཐུབ་ཚད་སྒོམ་གྱི་ཡོད།
ཡིན་ནའི་ཕོ་ཁྱོ་ཁ་ཁོག་རྒྱ་ཆེ་ནའི་ཚད་ཡོད་མ་རེད།
གལ་སྲིད་ང་ཡི་བཅངས་པའི་བརྩེ་དུང་རང་ལ་མགོ་སྒུར་དགོས་པའི་རྩ་བ་ཡིན་ན།
མི་སྡད་སར་རང་བསྡད་དགོས་རྒྱུ་མཚན་རང་གི་ཤེས་ཀྱི་མེད་པས།
ང་གཉིས་ཕན་ཚུན་བཅངས་པའི་ཀུག་པའི་བརྩེ་དུང་།
ཁ་བུ་རམ་གང་པའི་སྙིང་གཏམ།
དུས་ད་ཆ་བསམ་བློ་འཁོར་ནས་སྐྱུག་མེར་ལངས་ཀྱིས།
ཡིན་ནས་གལ་ཡོད་མ་རེད།
རང་དང་ང་ལས་དབང་དང་རྒྱུ་འབྲས་ཀྱི་འཁོར་བའི་ལས་འཕྲོ་རེད།
མཉམ་དུ་བསྡད་སྙིང་ལ་རྨ་བཟོས་ཚྭ་རྒྱབ་པའི་མིག་ཆུ།
དབུག་བཏང་མི་ཐུབ་པའི་ཚོར་སྣང་།
ཕན་ཚུན་ཡིད་ཆེས་དང་བསམ་ཤེས་མེད་པའི་འབྲས་བུ།
ད་རང་འགྲོ་ཉན་འདོད་ན་རྒྱུགས་ཤིག
བཀག་འགོག་དང་ཞུ་བ་འཐེན་ཡག་བསམ་བློ་མ་གཏོང་།
ང་མཉམ་དུ་བསྡད་འདོད་མེད་ན་
ད་ཨུ་ཚུགས་རྒྱབ་ནས་ཕན་ཐོགས་གང་ཡོང་།
བརྩེ་དུང་འདི་ས་ལ་བརྡབས་བྱས་སེར་ཀ་གས་པ་ནང་བཞིན།
དུས་ད་ཆ་ང་གཉིས་འབྲེལ་བ་དེ་ལས་མེ་དང་ཆུ་ནང་བཞིན།
HOOK: Yeshi/Gyange
ཚེ་འདིར་ང་གཉིས་ཐུག་པ་སྔོན་གྱི་ལས་རེད་ཟེར།
ཐ་མ་ང་གཉིས་བྲལ་བ་རྒྱུ་མཚན་གང་ཡིན་ནམ།
ད་ཆ་བཤད་མ་ཐུབ་པའི་སེམས་པའི་སྡུག་བསྔལ་དེ།
སྐྱོ་བའི་དབྱངས་ལ་འགྱུར་ནས་བྲིས་པའི Melody
ངས་ཁྱེད་རང་སྒུག་ནས་བསྡད།
སེམས་ནང་ལ་ཁྱེད་རང་ལས་མེད།
ངས་ཁྱེད་རང་དྲན་ནས་བསྡད།
སེམས་ནང་གི་གསང་བ་ཆགས་བསྡད།
དུས་ཚོད་མང་པོ་ཕྱིན། ངའི་མིག་ནང་གི་མིག་ཆུ་དེ།
དུས་ཚོད་མང་པོ་ཕྱིན། ངའི་སེམས་ནང་གི་ན་ཟུག་དེ།