q&p曲培音乐歌曲封面
00:00
03:16
🔊

扎西巴措【缘分的男孩】

专辑
缘分的男孩
发行日期
2023-12-16
流派
暂无
时长
03:16
播放次数
2,356,789
收藏人数
156,432
歌词
相关信息

编曲 : q&p曲培音乐

ལས་དབང་གི་བུ་ཆུང།

གཞས་ཚིག  ཆུ་ཟླ།

དབྱངས།  གཡུང་དྲུང་ཀུན་གྲགས།

གཞས་མ་། བཀྲ་ཤིས་དཔལ་མཚོ།

གླུ་དབྱངས་སྒྲོན་འདོན།  ཨོ་རྒྱན་ཆོས་འཕེལ།

ཁ་བའི་ལྗོངས་ནས་འཕྲད་པའི་བུ་ཆུང་ཁྱེད། །

གཞོན་པའི་སྣང་བ་ཁུར་བའི་འཛུམ་ཡག་རེད། །

ཁྱེད་ནི་བུ་མོ་ང་ཡིས་སེམས་ནང་ཡོད། །

སེམས་ཀྱི་སྐད་ཆ་བཤད་ས་ཁྱེད་རང་ཡིན། །

ཧོ་་་་་ཡ་རེ་ཡ་རེ་ལོ་

ཁྱེད་ནི་བུ་མོ་ང་ཡིས་སེམས་ནང་ཡོད། །

སེམས་ཀྱི་སྐད་ཆ་བཤད་ས་ཁྱེད་རང་ཡིན། །

དགའ་བའི་འཛུམ་བརྒྱ་གྲོལ་བའི་སྙིང་སྡུག་ཁྱེད། །

བུ་མོ་བརྩེ་དུང་སྐྱོང་ས་ཁྱེད་རང་ཡིན། །

ཁྱེད་དང་འུ་གཉིས་འཕྲད་པ་ལས་དབང་རེད། །

འུ་གཉིས་མི་ཚེ་མཉམ་འགྲོ་མཉམ་འདུག་རེད། །

ཧོ་་་་་ཡ་རེ་ཡ་རེ་ལོ་

ཁྱེད་དང་འུ་གཉིས་འཕྲད་པ་ལས་དབང་རེད། །

འུ་གཉིས་མི་ཚེ་མཉམ་འགྲོ་མཉམ་འདུག་རེད། །

བརྩེ་བ་མཚོ་ལས་ཟབ་པའི་དགའ་ལོ་མ། །

བུ་མོ་བློ་སེམས་གཏད་ས་ཁྱེད་རང་ཡིན། །

ཡ་ཆུང་སེམས་ནང་ཡོད་པའི་བུ་ཆུང་ཁྱེད། །

བརྩེ་བའི་གླུ་ཆུང་ལེན་ས་ཁྱེད་རང་ཡིན། །

ཧོ་་་་་ཡ་རེ་ཡ་རེ་ལོ་

ཡ་ཆུང་སེམས་ནང་ཡོད་པའི་བུ་ཆུང་ཁྱེད། །

བརྩེ་བའི་གླུ་ཆུང་ལེན་ས་ཁྱེད་རང་ཡིན། །

ཧོ་་་་་ཡ་རེ་ཡ་རེ་ལོ་

ཡ་ཆུང་སེམས་ནང་ཡོད་པའི་བུ་ཆུང་ཁྱེད། །

བརྩེ་བའི་གླུ་ཆུང་ལེན་ས་ཁྱེད་རང་ཡིན། །

历史记录

!
提示
播放失败哦,因为我没有版权😂哈哈哈。