
00:00
02:57
林秋-桑丁措姆
歌词
相关信息
ཁྱོད་སྐྱིད་ན་ང་ཡང་སྐྱིད།
གཞས་ཚིག:ཁྱུང་སྨྱུག་གསར།
དབྱངས: བཀྲ་ཤིས་རྡོ་རྗེ།
ལེན་མཁན: ལེགས་མཆོག་དང་བསམ་གཏན་མཚོ་མོ།
ལས་གཅིག་གི་ལམ་ཁ་མེད་ཀྱང་ཆོག།
ཁྱིམ་གཅིག་གི་འཚོ་རོགས་མིན་ཀྱང་རུང་།།
སེམས་གཅིག་གི་མགོ་རྔ་ཡོད་པ་འདིས།།
ཁྱོད་སྐྱིད་ན་ང་ཡང་སྐྱིད་ཅིག་རེད།།
ཡེ་་་རོགས་ཨ་རོགས་ནང་གི་འདང་ཆེན་མ།།
ཡེ་་་ལུས་ཚེ་ཐོག་གཅིག་གི་དགའ་ལོ་ཡིན།།
ལས་ཀྱི་ཤོག་དཀར་ངོས་སུ།།
དམ་བཅའི་རི་མོ་བྲིས་ཡོད།།
མི་ཁའི་གཏམ་ཁ་རྒོད་ཀྱང་།།
རི་མོ་ཡལ་ས་མ་རེད།།
ཡེ་་་རོགས་ཨ་རོགས་ནང་གི་གཞོན་པ་ཁྱེད།།
ཡེ་་་་ལུས་ཚེ་ཐོག་གཅིག་གི་ལམ་གྲོགས་ཡིན།།
ཚེ་གཅིག་གི་འདུག་རོགས་མིན་ཀྱང་ཆོག།
ལུས་གཅིག་གི་བཟའ་ཟླ་མིན་ཀྱང་རུང་།།
སེམས་གཅིག་གི་བརྩེ་དུང་ཡོད་པ་འདིས།།
ཁྱོད་སྐྱིད་ན་ང་ཡང་སྐྱིད་ཅིག་རེད།།
ཡེ་་་རོགས་ཨ་རོགས་ནང་གི་ཆུང་འདྲིས་ཁྱེད།།
ཡེ་་་ལུས་ཚེ་ཐོག་གཅིག་གི་སེམས་རོགས་ཡིན།