欧智卓玛歌曲封面
00:00
04:21
🔊

思念成灾

专辑
思念成灾
发行日期
2024-04-23
流派
暂无
时长
04:21
播放次数
2,356,789
收藏人数
156,432
歌词
相关信息

དྲན་ལྷང་ལྷང་།

ཚིག  རྨ་འོད།

དབྱངས  ཨ་མཆོག་སྙིང་དཀར།

ལེན་མཁན  བསང་སྐལ་བྷེ་དངོས་གྲུབ་སྒྲོལ་མ།

རོལ་མོ།  གྲུ་བ་ཚེ་རིང་།

རྩེད་ར་ཆུང་ཆུང་མེ་ཏོག་ཁྲ་ལམ་ལམ།།

རྩེད་རྡོ་གོར་མོ་དགའ་འཛུམ་གྱི་ལི་ལི།།

རྩེད་གྲོགས་ཆུང་ཆུང་དྲི་ཞིམ་ཡ་ལ་ལ།།

བྱིས་པའི་དུས་ཀྱི་འུ་གཉིས་སྐྱིད་ལྷང་ལྷང་།།

ང་བྱིས་དུས་ཀྱི་རྨི་ལམ།

རྨི་ལམ་ནང་གི་བདག་མོ།

མིག་ཁྲ་རིས་འདབ་མ་ཅན་མ།

ཁྱོད་ཀྱིས་བསླས་པའི་མགུལ་རྒྱན་ལྡ་མ་ལྡེམ།།

ང་ཡིས་རྩིག་པའི་གཞིས་ཁྱིམ་ལྷ་མ་ལྷུན།།

ས་རྡུལ་གཞུང་གི་དུང་བ་ན་མ་ནེམ།།

བྱིས་པའི་དུས་ཀྱི་འུ་གཉིས་འོ་མ་ཆུ།།

ང་བྱིས་དུས་ཀྱི་རྨི་ལམ།

རྨི་ལམ་ནང་གི་བདག་པོ།

མགོ་རལ་བ་སྲུང་མདུད་ཅན་པོ།

བརྩེ་བ་རླུང་གི་འགྲོས་ན་འདར་ར་ར།།

དུངས་པ་འཇག་མའི་རྩེ་ན་སི་ལི་ལི།།

སེམས་པ་ཆུ་ཡི་ཁ་ན་ཉི་ལི་ལི།།

གཞོན་པའི་དུས་ཀྱི་འུ་གཉིས་འུར་རུ་རུ།།

ང་གཞོན་དུས་ཀྱི་རྨི་ལམ།

རྨི་ལམ་ནང་གི་འཇའ་ཚོན།

མིག་རྫི་མ་ལྗང་ཤ་ཅན་མ།

ལོ་ཟླ་ཞིག་གི་ཁུག་སོ་གྱ་མ་གྱུ།།

མི་ཚེ་གཅིག་གི་གོམ་ཁ་འཁྱའ་མ་འཁྱོར།།

འཇིག་རྟེན་སྣང་བའི་རླུང་བུ་འཚབ་མ་འཚུབ།།

གཞོན་པའི་དུས་ཀྱི་འུ་གཉིས་ཡ་མ་ཡང་།།

ང་གཞོན་དུས་ཀྱི་རྨི་ལམ།

རྨི་ལམ་ནང་གི་འཇའ་ཚོན།

སྐྲ་ལན་ཆེན་ཚོན་རྩི་ཅན་པོ།

རྒས་པ་གཉེར་མས་བྲིས་པ་སྐྱ་ཤར་ཤར།།

སྐྱོ་བ་མཆི་མས་ཐིག་པ་ཁྲ་རིལ་རིལ།།

དྲན་པའི་མིག་འབྲས་གཏིང་ན་སྔོ་ལྷེམ་ལྷེམ།།

རྒས་པའི་དུས་ཀྱི་འུ་གཉིས་འགྱོད་རྡོག་རྡོག།

ང་རྒས་དུས་ཀྱི་རྨི་ལམ།

རྨི་ལམ་ནང་གི་ཞེན་ཆགས།

བློ་རྒྱུ་མ་རྒྱ་མདུད་ཅན་མ།

ལོ་ཟླའི་སྡོང་ལོ་སེར་པོ་འདར་མ་འདར།།

དྲན་པའི་མཚོ་མོ་སྔོན་པོ་སྐྱ་མ་སྐྱོམ།།

ཆུང་ཆུང་འདྲིས་པའི་ཕྱིར་དྲན་ལྷ་མ་ལྷང་།།

རྒས་པའི་དུས་ཀྱི་འུ་གཉིས་གྱ་མ་གྱོག།

ང་རྒས་དུས་ཀྱི་རྨི་ལམ།

རྨི་ལམ་ནང་གི་དྲན་ཤིང་།

འདང་ཞེ་རྩིས་རྩིག་པ་ཅན་པོ།

ང་རྒས་དུས་ཀྱི་རྨི་ལམ།

རྨི་ལམ་ནང་གི་དྲན་ཤིང་།

འདང་ཞེ་རྩིས་རྩིག་པ་ཅན་པོ།

历史记录

!
提示
播放失败哦,因为我没有版权😂哈哈哈。