
谢旦(尊贵觉囊巴)
作曲 : q&p曲培音乐
编曲 : q&p曲培音乐
དཔལ་ལྡན་རྒྱལ་བ་ཇོ་ནང་པ།
ཚིག. ངག་དབང་ཆོས་འཕགས་རྒྱ་མཚོ།
དབྱངས། ཤེར་བསྟན།
ལེན་མཁན། ཤེར་བསྟན།
གཞི་དབྱིངས་བདེན་གཉིས་ཆོས་སྐུའི་དགོངས་ཀློང་དུ།
ཐབས་ཤེསཉི་ཟླ་གསལ་བའི་ལམ་བཟང་ལ།
ངེས་འབྱུང་བྱང་སེམས་ཐབས་ཀྱིས་ལེགས་བསྐྱོད་པའི།
སྐུ་བཞིའི་བདག་ཉིད་དཔལ་ལྡན་ཇོ་ནང་པ།
ཕྱི་རུ་སོ་ཐར་ཁྲིམས་ཀྱི་རབ་མཛེས་ཤིང།
ནང་དུ་རིམ་གསུམ་བཀའ་ཡི་མདུད་རྒྱ་གྲོལ།
གསང་བ་གཟུང་འཛིན་ཀུན་རྟོགས་བྲལ་བའི་གཤེས།
ཀུན་ཁྱབ་བདག་ཉིད་དཔལ་ལྡན་ཇོ་ནང་པ།
ལྟ་བ་ཆོས་ཉིད་རྟག་བརྟན་གཤེས་སུ་གྲུབ།
སྒོམ་པ་ཞི་ལྷག་ཟུང་འབྲེལ་ཟབ་མོའི་ལམ།
སྤྱོད་པ་འཚེ་མེད་ཞི་བསིལ་འོད་དཀར་གྱིས།
སྐྱེ་རྒུ་སྐྱོང་མཛད་དཔལ་ལྡན་ཇོ་ནང་པ།
ཁྱད་པར་དཔལ་ལྟན་དུས་ཀྱི་འཁོར་ལོ་ཡི།
རིམ་གཉིས་ལམ་གྱི་བསྒྲོད་པ་མཐར་ཕྱིན་ཏེ།
མཐར་ཐུག་སྐུ་བཞིའི་ལམ་ལ་འགོད་པའི་གཉེན།
ངེས་དོན་གྲུབ་བརྒྱའི་གཙུག་བརྒྱན་ཇོ་ནང་པ།
མཐར་ཐུག་སྐུ་བཞིའི་ལམ་ལ་འགོད་པའི་གཉེན།
ངེས་དོན་གྲུབ་བརྒྱའི་གཙུག་བརྒྱན་ཇོ་ནང་པ།