三智才让歌曲封面
00:00
05:41
🔊

仁医本色

专辑
三智才让精选集
发行日期
2018-11-07
流派
暂无
时长
05:41
播放次数
2,356,789
收藏人数
156,432
歌词
相关信息

作词 : 斗拉加

作曲 : 三智才让

男:

ལྷ་རྗེ་ལགས། ལྷ་རྗེ་ལགས།

དང་པོ་རྨ་རྫ་ཟལ་མོ་སྒང་གི་འབྲོག་ཐང་ནས།

ཨ་ལྕགས་འབྲི་ལས་མཆེད་པའི་མི་བུ་སྙིང་སྟོབས་ཅན།

གནའ་དེང་གསོ་རིག་ནོར་བུའི་ཞིང་ཁམས་རིམ་གྱིས་འགྲིམས།

སྙིང་རྗེ་རྒྱུད་ལ་འཁྲུངས་ཤིང་ཤེས་རབ་བློ་ལ་འཕེལ།

嗦呀啦 呀啦嗦耶

སྙིང་རྗེ་རྒྱུད་ལ་འཁྲུངས་ཤིང་ཤེས་རབ་བློ་ལ་འཕེལ།

女:

ལྷ་རྗེ་ལགས། ལྷ་རྗེ་ལགས།

བར་དུ་གསོ་རིག་མཛད་འཕྲིན་མདོ་སྨད་ཕྱོགས་སུ་སྤེལ།

རྨ་རྒྱལ་གངས་རིའི་འདབས་ནས་ཙོང་ལ་རིང་མོའི་བར།

འཚོ་བྱེད་ཀུན་ཕན་གླིང་ཞེས་དགའ་ཚལ་མང་དུ་བསྐྲུན།

བཞི་བརྒྱ་རྩ་བཞིའི་ནད་གདོན་མ་ལུས་དྲུང་ནས་འབྱིན།

嗦呀啦 呀啦哩嗦呀

བཞི་བརྒྱ་རྩ་བཞིའི་ནད་གདོན་མ་ལུས་དྲུང་ནས་འབྱིན།

男:

ལྷ་རྗེ་ལགས། ལྷ་རྗེ་ལགས།

མཐའ་མར་དུས་དབང་རླུང་འཚུབ་རྒོད་པའི་བར་གསེང་ནས།

མདོ་ཁམས་ཡུལ་འདིར་གསོ་རིག་སློབ་གླིང་ཐོག་མ་བཙུགས།

དཔལ་ལྡན་རྒྱུད་བཞིའི་དགོངས་པ་བུ་སློབ་སྟོང་ལ་བསྩལ།

ངེས་དོན་སྐྱེས་ཆེན་དམ་པའི་རྣམ་ཐར་ཡུན་གྱིས་བསྐྱངས།

嗦呀啦 呀啦嗦耶

ངེས་དོན་སྐྱེས་ཆེན་དམ་པའི་རྣམ་ཐར་ཡུན་གྱིས་བསྐྱངས།

女:

ལྷ་རྗེ་ལགས། ལྷ་རྗེ་ལགས།

འདི་ནི་གངས་སེང་དཀར་མོ་ཞིག་གི་གད་རྒྱངས་ཡིན།

འདི་ནི་རྒྱ་སྟག་ངར་མ་ཞིག་གི་དཔའ་གདངས་ཡིན།

འདི་ནི་སྐྱེས་བུ་མཁྱེན་ལྡན་ཞིག་གི་བློ་སྤོབས་ཡིན།

འདི་ནི་འཚོ་བྱེད་གཞོན་ནུ་ཞིག་གི་སེམས་འདུན་ཡིན།

嗦呀啦 呀啦哩嗦呀

འདི་ནི་འཚོ་བྱེད་གཞོན་ནུ་ཞིག་གི་སེམས་འདུན་ཡིན།

合:

ལྷ་རྗེ་ལགས། ལྷ་རྗེ་ལགས།

འདི་ནི་གཡུ་འབྲུག་སྔོན་མོ་ཞིག་གི་ངར་སྐད་ཡིན།

འདི་ནི་ཐང་དཀར་རྒོད་པོ་ཞིག་གི་གཤོག་འགྱུར་ཡིན།

འདི་ནི་རིག་པའི་དཔའ་བོ་ཞིག་གི་དམ་བཅའ་ཡིན།

འདི་ནི་གསོ་རིག་མཁན་པོ་ཞིག་གི་ལག་རྗེས་ཡིན།

嗦呀啦 呀哩啦嗦呀

འདི་ནི་གསོ་རིག་མཁན་པོ་ཞིག་གི་ལག་རྗེས་ཡིན།

嗦呀啦 呀哩啦嗦呀

འདི་ནི་གསོ་རིག་མཁན་པོ་ཞིག་གི་ལག་རྗེས་ཡིན།

历史记录

!
提示
播放失败哦,因为我没有版权😂哈哈哈。