
太阳依旧升起
ཉི་མ་གསར་པ་ཤར་ཡོང་།
ཚིག དམངས་ཁྲོད།
དབྱངས། དམངས་ཁྲོད།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
དབྱངས་འགྱུར་བཅོས། ཇེང་།
མངའ་རིས་སྒྲ་སྙན། ནག་བཟའ་འཇམ་དབྱངས།
རོལ་མོ་སྒྲིག་བཟོ། ཤེར་བྷ།
སྒྲ་ལེན་པ། ཤེར་བྷ།
སྒྲ་ཞིབ་སྦྱོར། ཕཱིན་ཙི།
རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།
ཡིག་སྒྱུར་པ། ཚངས་དབྱངས་སྐྱིད།
ཆུང་འདྲིས་ཨ་གསར་ཅན་ལ། །
མིག་དང་རྣ་བ་འཕྲུལ་ནས། །
བུ་ངའི་ལག་ཏུ་ཐེམས་བྱུང་། །
ཨ་གསར་ཅན་གྱི་ཆུང་འདྲིས། །
བུ་ངའི་ལག་ཏུ་ཐེམས་བྱུང་། །
ཨ་གསར་ཅན་གྱི་ཆུང་འདྲིས། །
ཡབ་ཡུམ་བཀའ་འཁྲོལ་མེད་པར། །
མགོ་ལ་གཡུ་ཆུང་བརྒྱན་ཡོད། །
ལག་ལ་མཛུབ་དཀྲིས་བསྐོན་ཡོད། །
ཨ་གསར་ཅན་གྱི་ཆུང་འདྲིས། །
ལག་ལ་མཛུབ་དཀྲིས་བསྐོན་ཡོད། །
ཨ་གསར་ཅན་གྱི་ཆུང་འདྲིས། །
ཨ་ལ། ཡ་ལ་ཧོ། ཉི་མ་གསར་པ་ཤར་ཡོང་།
ཨ་ལ། ཡ་ལ་ཧོ། ཉི་མ་གསར་པ་ཤར་ཡོང་།
གསེར་གྱི་སྒྲོ་ཐིག་གྱོན་ཡོད། །
བྱུ་རུའི་ཞལ་པ་བརྒྱན་ཡོད། །
གསེར་གཡུ་བྱུ་རུས་བརྒྱན་པའི། །
ཨ་གསར་ཅན་གྱི་ཆུང་འདྲིས། །
གསེར་གཡུ་བྱུ་རུས་བརྒྱན་པའི། །
ཨ་གསར་ཅན་གྱི་ཆུང་འདྲིས། །
ཆུང་འདྲིས་ཨ་གསར་ཅན་ལ། །
བློ་དང་རེ་བ་བཅོལ་ཡོད། །
བློ་དང་རེ་བ་བཅོལ་ཡང་། །
ཚེ་སྔོན་ལས་འཕྲོ་ཟད་སོང་། །
བློ་དང་རེ་བ་བཅོལ་ཡང་། །
ཚེ་སྔོན་ལས་འཕྲོ་ཟད་སོང་། །
ཨ་ལ། ཡ་ལ་ཧོ། ཉི་མ་གསར་པ་ཤར་ཡོང་།
ཨ་ལ། ཡ་ལ་ཧོ། ཉི་མ་གསར་པ་ཤར་ཡོང་།
ཨ་ཙི་ཆུང་འདྲིས་བྱམས་པ། །
མཆི་མ་གཏོང་བ་མ་གནང་། །
ད་རེས་གཤིབ་པའི་སྐལ་བ། །
ང་རང་གཉིས་ལ་མི་འདུག །
ད་རེས་གཤིབ་པའི་སྐལ་བ། །
ང་རང་གཉིས་ལ་མི་འདུག །
ཨ་ལ། ཡ་ལ་ཧོ། ཉི་མ་གསར་པ་ཤར་ཡོང་།
ཨ་ལ། ཡ་ལ་ཧོ། ཉི་མ་གསར་པ་ཤར་ཡོང་།