三智才让歌曲封面
00:00
03:39
🔊

意中人

专辑
三智才让精选集
发行日期
2018-11-07
流派
暂无
时长
03:39
播放次数
2,356,789
收藏人数
156,432
歌词
相关信息

作词 : 噶尔·南仁

作曲 : 三智才让

编曲 : 王冬东

录音:北京悦声文化发展有限公司

混音:北京九乐音乐文化传媒有限公司

མི་འགྱུར་བྲག་ལ་བརྐོས་པའི་མནའ་ཚིག་དེ་མི་དགོས།

དམར་ཆུང་ཕྱག་རྒྱ་བཏབ་པའི་དམ་བཅའ་དེ་མི་མཁོ།

དུང་སེམས་འོ་མས་བྲན་པའི་སེམས་སོང་གི་མི་དེའི།

སོ་དཀར་ཚེམས་ཕྲེང་དགོད་པའི་འཛུམ་ཆུང་གིས་ཚིམས་ཡོང་།

བརྩེ་བ་མ་བཅོས་ལྷུན་གྱིས་གྲུབ་ཡོད།

དུང་བ་མ་བོས་ངང་གིས་འདུས་ཡོད།

སེམས་དང་སེམས་པའི་ཟབ་ས་ཞིག་ལ།

གསལ་ལེར་སྣང་བའི་གཟུགས་ཤིག་གྲུབ་ཡོད།

ལུས་ཀྱི་མེ་ཏོག་སོ་སོར་བཞད་ཀྱང་།

སེམས་ཀྱི་གང་བུ་མཉམ་དུ་གྲོལ་ཡོད།

བློ་ཡི་འཆར་སྒོ་ཁ་ཁར་གནས་ཀྱང་།

དྲན་པའི་སྣང་བ་གཅིག་ཏུ་སིམ་ཡོད། ཡེ་ཨེ་ཨེ།

ཧོ་ཨོ་་་་་་ཧོ་ཨོ་་་་་་ཨོ་ཧོ་་་་་་

བློ་ཡི་འཆར་སྒོ་ཁ་ཁར་གནས་ཀྱང་།

དྲན་པའི་སྣང་བ་གཅིག་ཏུ་སིམ་ཡོད། ཡེ་ཨེ་ཨེ།

འཕྱོར་སྒེག་ལང་ཚོ་ཟེར་བའི་མཛེས་པ་དེ་མི་དགོས།

འཛད་མེད་ལོངས་སྤྱོད་ཟེར་བའི་འབྱོར་བ་དེ་མི་མཁོ།

མཛའ་སེམས་ཆུ་བོ་འདྲེས་པའི་སེམས་སོང་གི་མི་དེའི།

གེམ་གེམ་གཡོ་བའི་མིག་གི་བརྡ་ཙམ་གྱིས་ཚིམས་འགྲོ།

བརྩེ་སེམས་ཆུ་མོ་ག་ལེར་བཞུར་དགོས།

དུང་ཞེན་མཚོ་མོ་ཡུན་གྱིས་བསྐྱིལ་དགོས།

སེམས་དང་སེམས་པའི་ལྕགས་ཀྱུའི་སྣེ་ལ།

འདང་བརྩེའི་ཨ་ལོང་གོར་སེ་བསྒྲོན་དགོས།

མི་རྟག་འཁོར་བའི་ཟོ་ཆུན་བར་ནས།

ལས་ཀྱི་བཀོད་པ་སྒྲིག་ཏུ་མེད་ཀྱང་།

མ་བརྟག་བློ་ལ་ངང་གིས་འཁྲུངས་བའི།

སྣང་བའི་རི་མོ་སུ་ཡིས་འགོག་ནུས། ཡེ་ཨེ་ཨེ།

ཧོ་ཨོ་་་་་་ཨོ་ཧོ་་་་་་ཨོ་ཧོ་་་་་་

མ་བརྟག་བློ་ལ་ངང་གིས་འཁྲུངས་བའི།

སྣང་བའི་རི་མོ་སུ་ཡིས་འགོག་ནུས། ཡེ་ཨེ་ཨེ།

མ་བརྟག་བློ་ལ་ངང་གིས་འཁྲུངས་བའི།

སྣང་བའི་རི་མོ་སུ་ཡིས་འགོག་ནུས། ཡེ་ཨེ་ཨེ།

历史记录

!
提示
播放失败哦,因为我没有版权😂哈哈哈。