南木卡歌曲封面
00:00
04:44
🔊

赞舞八颂

专辑
赞舞八颂
发行日期
2023-02-21
流派
暂无
时长
04:44
播放次数
2,356,789
收藏人数
156,432
歌词
相关信息

作曲 : 南木卡

བསྟོད་བྲོ་བརྒྱད་པ།

ཚིག་རྩོམ་མཁན། བྱང་སྲས་བློ་བཟང་ཡེ་ཤེས།

དབྱངས་རྩོམ་མཁན། ནམ་མཁའ།

ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།

མངའ་རིས་སྒྲ་སྙན། བསམ་ཁོ།

རོལ་མོ་སྒྲིག་བཟོ། ཤེར་བྷ།

སྒྲ་ལེན་པ། ཤེར་བྷ།

སྒྲ་ཞིབ་སྦྱོར། ཕཱིན་ཙི།

རོལ་མོ་སྤྱིའི་ལྟ་སྐུལ་པ། ཤེར་བྷ།

ཡིག་སྒྱུར་པ། ཆོས་དབྱིངས་རྡོ་རྗེ།

དགེ་ལེགས་ཉི་མའི་དཀྱིལ་འཁོར། །

ཁ་བའི་དཔལ་དུ་ཤར་བས། །

མཛད་བཟང་པདྨའི་དགའ་ཚལ། །

བསོད་ནམས་རྒྱན་དུ་བཞད་སོང་། །

བཀའ་དྲིན་མཁའ་ལས་ཡངས་པའི། །

ཚུལ་འདི་ཡང་ཡང་བསམ་ན། །

བཅོས་མིན་སེམས་ཀྱི་དགའ་བ། །

གཏན་ནས་འགོག་ཐབས་མ་བྱུང་། །

སངས་རྒྱས་མི་རུ་བྱོན་པའི། །

བླ་མའི་བྱིན་རླབས་འཕོས་ཏེ། །

ལྟ་བ་ལག་ཏུ་གཏད་ནས། །

རྟོགས་པས་ནམ་འཕང་ཆོད་འདུག །

བསྟན་འགྲོའི་རྒུད་པ་འཇོམས་པའི། །

ཐུགས་བསྐྱེད་དུས་སུ་སྨིན་ནས། །

ཆོལ་གསུམ་ཡུལ་གྲུ་མང་པོར། །

མཛད་རྗེས་མིག་ལ་བསྐྲུན་ཡོད། །

ཐང་སྟོང་རྒྱལ་པོའི་གཏད་རྒྱ། །

ཐུགས་སུ་སྦས་པ་སད་དེ། །

གངས་ལྗོངས་ས་གནད་གསོ་བར། །

ཞུམ་མེད་གོ་ཆ་བགོས་བྱུང་། །

ཡི་གེ་དྲུག་མའི་བྱིན་རླབས། །

ཐུགས་ཀྱི་བཅུད་དུ་འཕོས་ཏེ། །

མ་ཧཱ་ཙི་ནའི་གདུལ་བྱས། །

སྤྱན་རས་གཟིགས་སུ་མཇལ་སོང་། །

གནུབས་ཆེན་སངས་རྒྱས་ཡེ་ཤེས། །

སླར་ཡང་གར་དུ་བསྒྱུར་ནས། །

ཤུག་སྒང་བྱང་ཆུབ་གླིང་བའི། །

མཛད་པ་རྨང་ནས་གསོས་འདུག །

འཁྲུལ་མེད་ལུང་གི་ཕོ་ཉས། །

སྙན་པ་རྒྱང་དུ་ཁྱེར་ཞིང་། །

མི་ཤིགས་ཚེ་ཡི་རི་མོ། །

རྡོ་རྗེའི་ཁམས་སུ་སྨིན་ཡོད། །

历史记录

!
提示
播放失败哦,因为我没有版权😂哈哈哈。