
自知之明
作词 : 扎更巴
作曲 : 三智才让
编曲 : 三智文化传媒/夏雄·扎西多杰
བསམ་ཤེས་རང་གིས་བྱེད་དགོས།
ཚིག་རྩོམ་མཁན། སྦྲ་རྒན་བརྩོན་འགྲུས་རྒྱ་མཚོ།
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
ལེན་མཁན། ཉི་མའི་བུ་རྒྱུད་ནམ་མཁའ།
རོལ་མོ་སྒྲིག་བཟོ་པ། བསམ་འགྲུབ་རིག་གནས་སྨྱན་བྱད། བྱ་གཞུང་བཀྲ་རྡོར།
གྷེ་ཐེར་རམ་དཀྲོལ། དཀའ་ཐུབ་རྒྱལ།
འཕྲེད་གླིང་། ཧཱན་ཀྲན་བོའུ།
མངའ་རིས་སྒྲ་སྙན། མགར་བསམ་འགྲུབ་ཚེ་རིང་།
སྒྲ་ཕབ་དང་སྒྲ་ཞིབ་སྦྱོར། བསམ་འགྲུབ་རིག་གནས་སྨྱན་བྱད། ཕཱིན་ཙི།
རོལ་མོ་སྤྱིའི་ལྟ་སྐུལ་པ། མགར་བསམ་འགྲུབ་ཚེ་རིང་།
ཡིག་སྒྱུར། སྒྲོ་ཨ་རུ།
སྐྱོ་བྱུང་སྐྱོ་བྱུང་མ་གསུངས། །
སྐྱོ་བའི་མྱོང་བ་ཁྱོད་མེད། །
བཙན་དབང་བར་ཆད་སེལ་ཡོད། ། ལོ།
མྱི་ཁའི་རླུང་ཆེན་ཁོགས་ཡོད། ། ཡེ།
འཁོར་བ་སྡུག་གི་ཀློང་ན། ། ཡེ།
སྐྱོ་བ་མེད་ས་གང་རེད། ། ལོ།
སྐྱོ་བ་མེད་ས་གང་རེད། ། ལོ།
འཁོར་བ་སྡུག་གི་ཀློང་ན། །
སྐྱོ་བ་མེད་ས་གང་རེད། ། ལོ།
ནོར་སོང་ནོར་སོང་མ་བསམ། ། རོ།
ཕྱི་འདང་མེད་ན་ནོར་ཡོད། ། རོ། རོ་ཡེ་རོ།
བཅོ་ལྔ་ཉི་ཤུའི་འདང་ཡོད། ། རོ།
སུམ་བཅུ་བཞི་བཅུའི་འགྲོགས་ཡོད། ། རོ། རོ་ཡེ་རོ།
ནོར་ཡང་བདེན་པའི་གདམ་གསེས། ། ཡེ།
རང་ཡན་ལོ་ཚོད་ནམ་རེད། ། ལོ།
ནོར་ཡང་བདེན་པའི་གདམ་གསེས། །
རང་ཡན་ལོ་ཚོད་ནམ་རེད། ། ལོ།
ནོར་ཡང་བདེན་པའི་གདམ་གསེས། །
རང་ཡན་ལོ་ཚོད་ནམ་རེད། ། ལོ།
འབྲལ་དགོས་འབྲལ་དགོས་མ་ཟེར། །
བྲལ་ཡང་ཐོབ་བྱ་ཁྱོད་མེད། །
སྙིང་གཏམ་སྲིད་པའི་གཏམ་ཡིན། ། ལོ།
བྱམས་སྐྱོང་མ་བུའི་འདང་ཡིན། ། ཡེ།
ཐབས་ཤེས་གཤོག་ཟུང་དོར་ནས། །
འཕུར་སའི་ནམ་མཁའ་གང་རེད། །
འཕུར་སའི་ནམ་མཁའ་གང་རེད། ། ལོ།
ཐབས་ཤེས་གཤོག་ཟུང་དོར་ནས། །
འཕུར་སའི་ནམ་མཁའ་གང་རེད། ། ལོ།
ཐབས་ཤེས་གཤོག་ཟུང་དོར་ནས། །
འཕུར་སའི་ནམ་མཁའ་གང་རེད། ། ལོ།