欢歌 (Live)
作词 : 多智合
作曲 : 雨翔
གངས་ཅན་ཡུལ་ལ་སྐྱིད་པའི་ཉི་མ་དྲོད་འཇམ་ཉི་མ་དེ་རིང་ཤར།
ཁ་བ་ཅན་ལ་དགའ་བའི་ལོ་སར་གནམ་ལོ་གསར་བ་དེ་རིང་ཚོས།
ཕ་ས་གྲུ་བཞིར་བདེ་སྐྱིད་འཚོ་བའི་རྟེན་འབྲེལ་ཐོག་མ་དེ་རིང་འགྲིག
ལོ་དང་བསྐལ་བ་ཡག་པའི་དུས་ལ་ཕན་ཚུན་དགའ་བའི་སྙིང་གཏམ་གླེང་།
དགའ་བ་ལ། སྐྱིད་བ་ལ། དེ་རིང་གནམ་ལ་སྐར་མ་ཡག
གངས་ཅན་ཡུལ་ལ་སྐྱིད་པའི་ཉི་མ་ཤར།
དགའ་བ་ལ། སྐྱིད་བ་ལ། དེ་རིང་ས་ལ་དུས་ཚོད་བཟང་།
གཞིས་ཁྱིམ་དྲོན་མོར་ཕུ་ནུ་ལྷན་འཛོམས་བྱུང་།
དགའ་བའི་གྲོགས་ལ་དགའ་བའི་སྙིང་གཏམ་གླེང་།
བརྩེ་བའི་མི་ལ་བརྩེ་བའི་གླུ་དབྱངས་འབུལ།
དོན་འགྲུབ་པའི་དུས་ཚོད་ད་ལོ་རེད།
སེམས་སྐྱིད་པའི་ཉི་མ་དེ་རིང་རེད།
དགའ་བ་ལ། སྐྱིད་བ་ལ། མཐོན་པོ་རི་ནས་ལྷ་བསང་གཏོང་།
ཕོ་ལྷ་དགྲ་ལྷའི་ངོ་སོ་ཡར་ལ་བསྟོད།
སྤྲོ་བ་ལ། དགའ་བ་ལ། དམའ་མོའི་གཞོང་ནས་རྟ་རྩལ་འགྲན།
ནང་མི་སྤུན་ཟླའི་ངོ་སོ་ཡར་ལ་བསྟོད།
སྐྱིད་པའི་ཡུལ་ལ་སྐྱིད་པའི་ཉི་མ་ཤར།
དགའ་བའི་ཉིན་ལ་དགའ་བའི་འབོད་སྐྲ་སྒྲོག
བྱ་ཁ་ལས་དགེ་བའི་བཀྲ་ཤིས་ཤོག
ལས་རླུང་རྟ་དར་བའི་བཀྲ་ཤིས་ཤོག